དབུ་ཤོག>བོད་ཀྱི་རིག་གནས།
  • ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བའི་གྲྭ་བཙུན་ཡག་པོ་ཞིག་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-03

    དང་པོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་སེམས་ལ་ཟུག་པར་སྐུལ་འདེད་ཏན་ཏིག་བྱས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། གུས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ཞིབ་ཀློག་ནན་ཏན་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་སྔར་ལས་ཟབ་ཏུ་བཏང་བ་ཡིན། དུས་མཚུངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་སྒྲོག་འགྲེལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་པ་ཡིན།

    གཉིས་པ། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོར་ཧུར་ཐག་ཞུགས་ནས་ཤེས་སྦྱོར་གཅིག་མཐུན་ཏན་ཏིག་ཡོང་བར་བྱས་པ། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ལྷུན་གྲུབ་རྫོང་བཅས་རིམ་པ་གསུམ་གྱི་ཆོས་ལུགས་ལས་རིགས་ཀྱི་སྒྲོག་འགྲེལ་བ་ཞིག་གི་ངོས་ནས། གུས་པས་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་སྒྲོག་འགྲེལ་རྩ་གནད་ལ་ཞིབ་ཀློག་ཡང་ཡང་བྱས་ཏེ་སྒྲོག་འགྲེལ་གནད་འཁེལ་དང་གཏིང་ཟབ་ཡོང་བའི་འགན་ལེན་བྱས་པ་ཡིན། རྒྱུན་དུ་གྲྭ་དམངས་དང་གྲོས་བསྡུར་སྤེལ་རེས་བྱས་ནས་ཁོ་ཚོས་སློབ་སྦྱོང་དང་སྒྲོག་འགྲེལ་ལ་བཏོན་པའི་བསམ་འཆར་དང་གྲོས་འགོར་ཉན་གྱི་ཡོད། སྒྲོག་འགྲེལ་བྱེད་རིང་གུས་པས་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ལ་སྣང་ཆེན་བྱས་ཏེ་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ། དགོན་སྡེའི་ཐོས་བསམ་སློབ་གཉེར་དང་འཚོ་བའི་ཁོར་ཡུག་ལེགས་སུ་སོང་བ་སོགས་ཉེ་འགྲམ་གྱི་འགྱུར་ལྡོག་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྲྭ་བཙུན་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་རོགས་བྱས་པ་དང་། རྩ་ཁྲིམས་དང་། ཆོས་ལུགས་ལས་དོན་གྱི་སྲོལ་ཡིག བསྟན་དོན་དང་འདུལ་ཁྲིམས་སོགས་དྲིལ་བསྒྲགས་ལ་སྣང་ཆེན་བྱས་ཏེ་གྲྭ་བཙུན་རྣམས་ལ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རོགས་བྱེད་པ་དང་དུས་མཚུངས། བོད་བརྒྱུད་ནང་བསྟན་གྱི་ཆོས་སྲོལ་གཏོད་པར་སྐུལ་འདེད་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་སྣང་ཆེན་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། ཚུལ་ཁྲིམས་རྣམ་དག འགྲོ་ཀུན་ལ་ཕན་པ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲྭ་བཙུན་ཚོར་དད་སྦྱོར་ཡང་དག་དང་བསླབ་པ་གསུམ་ལ་ཧུར་ཐག་གཞོལ་དགོས་པའི་སློབ་གསོ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་པ་ཡིན།

    གསུམ་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཧུར་ཐག་ཞུགས་ནས“ཚད་གཞི་བཞི”ལག་ལེན་ཏན་ཏིག་བསྟར་བ། རིམས་ནད་ཐོན་པ་ནས་བཟུང་གུས་པས་དྲིའུ་ལུང་དགོན་པའི་དགེ་འདུན་པ་ཡོངས་ཀྱི་སྣེ་ཁྲིད་དེ་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བཀོད་སྒྲིག་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུས་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་གྲྭ་བཙུན་ལ་ཉིང་སྐྱུར་བརྟག་དཔྱད་དང་། རིམས་འགོག་དང་འཚོ་བའི་དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་ཡིན། རྒྱ་ཆེའི་གུང་ཁྲན་ཏང་ཡོན་སྤྱི་དང་ལྷག་པར་དུ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་གྲྭ་བཙུན་གྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་ནས་སེམས་ནུས་ཡོད་རྒུས་དགོན་སྡེ་དང་གྲྭ་བཙུན་ལ་ཞབས་འདེགས་ཞུ་བ་དང་དོ་དམ་བྱེད་པ་མཐོང་སྐབས། གུས་པར་སློབ་གསོ་ཟབ་མོ་ཐེབས་ནས་འཕྲལ་མར་ལྷ་ས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་རེ་འདུན་ཞུ་ཡིག་ཕུལ་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་པའི་དཔུང་ཁག་ལ་ཞུགས་པའི་རེ་འདུན་ཞུས་པ་དང་། དགེ་འདུན་པ་དང་མཉམ་དུ་དགོན་སྡེ་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་བྱས་ནས་ལས་རེས་ལྟ་སྲུང་དང་། མི་སྣར་དོ་དམ། ཚན་རིག་དང་མཐུན་པའི་རིམས་འགོག་ཤེས་བྱ་ཁྱབ་གདལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རིམས་ནད་དྲིའུ་ལུང་དགོན་གྱི་དགེ་འདུན་པ་གཅིག་ལའང་འགོས་མེད་པའི་འགན་ལེན་བྱས་ཡོད། དེའི་རིང་གུས་པས་ད་དུང་དགེ་འདུན་པའི་སྣེ་ཁྲིད་དེ་རིམས་ནད་ལ་འགོག་རྒོལ་བྱ་ཆེད་ཞལ་འདེབས་བརྒྱབ་པའི་རྒྱུ་དངོས་རིམ་རྩིས་བྱས་ན་སྒོར་ཁྲི་90ལྷག་ཙམ་ཟིན་གྱི་ཡོད།

    (རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་དང་། ལྷ་ས་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷུན་གྲུབ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲིའུ་ལུང་དགོན་པའི་སྤྲུལ་སྐུ)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།