མི་རབས་མང་པོས་རྒྱུན་འཛིན་བྱས་པའི་སྒོར་གཞས།
འཕྱོངས་རྒྱས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རིག་གནས་ཅུས་ཀྱིས་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོར“སྲོལ་རྒྱུན་སྒོར་གཞས”ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། གྲོང་ཚོའི“སྲོལ་རྒྱུན་སྒོར་གཞས”ཤེས་མཁན་རྒན་རབས་པ་གདན་དྲངས་ནས་ཟུར་ཁྲིད་བྱས་པ་དང་། གྲོང་ཚོ་དེའི་སྒོར་གཞས་ལ་དགའ་པོ་བྱེད་མཁན་40ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད། འདི་ནི་བཀྲ་ཤིས་གྲོང་ཚོའི“སྲོལ་རྒྱུན་སྒོར་གཞས”གསོ་སྦྱོང་བྱ་ཡུལ་ཡིན་པ།