དབུ་ཤོག>བོད་ཀྱི་རིག་གནས།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་རིག་དངོས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-22

    ཉིན་ཤས་གོང་གསར་འགོད་པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་རིག་དངོས་བདེ་འཇགས་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས“སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། རིན་ཐང་དཔོག་པ། ནུས་ལྡན་སྤྱོད་པ། རིག་དངོས་ཀྱི་གསོན་ཤུགས་རྒྱས་པར་བྱེད་པ”བཅས་ཀྱི་ལས་ཀའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་དང་རིག་གནས་ཤུལ་བཞག་གི་འཛིན་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། རིག་དངོས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཟམ་མི་ཆད་པར་བརྟན་དུ་བཏང་བ་རེད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་མངོན་གསལ་དོད་པོ་དང་བྱེད་ཐབས་ཞིབ་ཕྲ་བཟོ་བ་མཐའ་འཁྱོངས་ཀྱིས་རིག་དངོས་བདེ་འཇགས་ལས་དོན་གྱི་མཐའ་ཚད་བརྟན་པོར་སྲུང་བ་དང་། དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཤིང་། རིག་དངོས་སྲུང་སྐྱོང་ཚན་པའི་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་རིག་དངོས་སྲུང་སྐྱོང་ལ་སྐུལ་འདེད་དང་། རིག་དངོས་སྲུང་སྐྱོང་བྱ་ཐབས་གསར་གཏོད། རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་པ་རེད། རིག་དངོས་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་དགོན་སྡེའི་སྤོ་རུང་བའི་རིག་དངོས་བསྐྱར་བཤེར་གྱི་གྲུབ་འབྲས་ཡག་པོ་སྤྱད་ནས་གནད་དོན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་། ཟུར་བལྟས་ལེབ་མཐོང་གི་སྒོ་ནས་དག་ཐེར་ལ་དམ་འཛིན། མངོན་གསལ་དོད་པའི་གནད་དོན་གྱི་དག་ཐེར་ལ་དམ་འཛིན་བཅས་བྱས་ནས་རིག་དངོས་བདེ་འཇགས་ལས་དོན་གྱི་གྲུབ་འབྲས་བརྟན་དུ་བཏང་བ་རེད། རིག་དངོས་ཀྱི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ནས་གནའ་རྫས་རྟོག་ཞིབ་དང་འཚོལ་ཞིབ་དང་། འགྲེམས་སྟོན། བེད་སྤྱོད་ནུས་ལྡན་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་དངོས་ཀྱི་གསོན་ཤུགས་ཧུར་ཐག་རྒྱས་སུ་བཅུག་ཅིང་། འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་སེམས་ཤུགས་གཅིག་སྒྲིལ་གྱིས་རིག་དངོས་བདེ་འཇགས་ལས་ཀའི་རྣམ་པ་གསར་པ་གཏོད་པའི་འགན་སྲུང་མ་ལག་བཙུགས་ཡོད། ས་གནས་སྲིད་གཞུང་གི་རིག་དངོས་བདེ་འཇགས་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་ནན་དུ་གཏོང་བ། རིག་དངོས་དོ་དམ་དང་སྤྱོད་མཁན་གྱི་ཐད་ཀའི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ཤིང་། ཕྱོགས་ཡོངས་ནས་ལྟ་འདོམས་དང་། ལས་གནས་མང་པོ་མཉམ་སྒུལ། ཆེད་ལས་དཔུང་ཁག་སྲུང་སྐྱོང་བཅས་ཀྱི་རིག་དངོས་སྲུང་སྐྱོང་དཔུང་ཁག་མ་ལག་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། གྲྭ་བཙུན། མང་ཚོགས་བཅས་ལས་གྲུབ་པའི་རིག་དངོས་སྲུང་སྐྱོང་དང་བླངས་ཞབས་ཞུ་རུ་ཁག་འཛུགས་པར་སྐུལ་མ་གཏོང་བ། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང“འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ”སོགས་ཀྱི་ནུས་པ་འདོན་པ། རིག་དངོས་སྲུང་སྐྱོང་གི“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་སྔོན་རྩིས་རྒྱུན་མཐུད་དོན་འཁྱོལ་དང་། རིག་དངོས་བདེ་འཇགས་ལས་ཀའི་འགྲོ་གྲོན་འགན་སྲུང་བྱས་ཏེ། མྱུར་སྐྱོབ་རང་བཞིན་གྱི་རིག་དངོས་སྲུང་སྐྱོང་དང་སྒྲིག་བཀོད་སྒྲིག་ཆས་ཀྱི་འཁོར་སྐྱོད་སྲུང་སྐྱོང་གི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།