དབུ་ཤོག>བོད་ཀྱི་རིག་གནས།
  • བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་རིང་བསམ་གྲུབ།   |     སྤེལ་དུས།  2022-12-18

    ཤེས་བྱ་མཐའ་མེད་ཡངས་པའི་བར་སྣང་དུ། །

    ཐོས་ནོར་ཉིན་མོར་བྱེད་པའི་འོད་སྣང་གིས། །

    སྐྱེ་དགུའི་བློ་གྲོས་པད་མོའི་ཁ་འབྱེད་པའི། །

    དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

    ཡོན་ཏན་ནོར་བུས་གཏམས་པ་ཤེས་བྱའི་མཛོད། །

    གཏིང་ཟབ་ཟླ་བས་འཕེལ་བའི་ས་སྲུང་གིས། །

    དགེ་ལེགས་ཡིད་ཀྱི་སྐྱེད་ཚལ་མཛེས་བྱེད་པའི། །

    དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

    དགེ་སྡིག་རེས་སུ་འཁོར་བའི་སྲིད་པའི་མཚོར། །

    ཤེས་རབ་འདབ་ལྡན་ངང་པའི་དེད་དཔོན་གྱིས། །

    རྣམ་དག་རིགས་པས་འོ་མའི་བཅུད་འབྱིན་པའི། །

    དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

    གཞན་ཕན་ལྷག་བསམ་ཆུ་འཛིན་སྟུག་པོ་ལས། །

    ཐུགས་བསྐྱེད་སྒྱུ་འཕྲུལ་རླབས་ཆེན་སྤྱོད་པ་ཡིས། །

    སྤྲིན་གྱི་མྱུ་གུ་ཞི་བའི་གསོས་སྤྲོ་བའི། །

    དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

    ཀུན་ཏུ་འགྲིབ་པའི་མཚན་གྱི་ལམ་རིང་པོར། །

    སྣང་བས་རབ་རིབ་འཇོམས་པའི་བསིལ་ཟེར་གྱིས། །

    ལོག་སྲེད་ཡིད་ཀྱི་མུན་པ་འཕྲོག་བགྱི་བའི། །

    དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

    ཟབ་ཡངས་བློ་གྲོས་མཐའ་བྲལ་ལྷ་ལམ་དུ། །

    མཁའ་ལྡིང་ཤུཌ་ཀྱིས་བགྲོད་པའི་གཤོག་འགྱུར་གྱིས། །

    མཁས་གྲུབ་ལོ་པཎ་གཤེགས་པའི་ཤུལ་འཛིན་པའི། །

    དགེ་བའི་བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན། །

    འཚོ་གནས་ལམ་གྱི་བདེན་དོན་རླབས་པོ་ཆེ། །

    འཚོལ་ཕྱིར་རིག་པའི་མཚོ་མོར་རབ་མྱུལ་ཏེ། །

    མཐའ་དང་ཟད་དུ་མེད་པའི་ཆུ་གཏེར་དུ། །

    རྣམ་དཔྱོད་གཟིངས་ཆེན་ཅི་ལས་མྱུར་བར་ཤོག །

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།