དབུ་ཤོག>བོད་ཀྱི་རིག་གནས།
  • མི་རིགས་ང་དྲུག་འདབ་མ་མཉམ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཞུམ་མེད་ར་མདའ།   |     སྤེལ་དུས།  2022-12-18

    མ་ཡུམ་མེས་རྒྱལ་རྟ་བདུན་དབང་པོ་འདྲ། །

    མི་རིགས་ང་དྲུག་པད་མའི་འདབ་མ་འདྲ། །

    ཉི་མའི་འོད་ཟེར་པད་མར་འཕྲོ་དུས་སུ། །

    མེ་ཏོག་པད་མའི་འདབ་མ་མཉམ་བཞད་ཡིན། །

    མ་ཡུམ་མེས་རྒྱལ་རྒྱ་མཚོའི་མར་གསར་འདྲ། །

    མི་རིགས་ང་དྲུག་ཀུ་མུད་འདབ་མ་འདྲ། །

    ཟླ་འོད་ཀུ་མུད་ཕྱོགས་ལ་འཕྲོ་དུས་སུ། །

    མེ་ཏོག་ཀུ་མུད་འདབ་མ་མཉམ་བཞད་ཡིན། །

    མ་ཡུམ་མེས་རྒྱལ་སྤང་ལྗོངས་སྔོན་མོ་འདྲ། །

    མི་རིགས་ང་དྲུག་སྤང་རྒྱན་མེ་ཏོག་འདྲ། །

    སྦྲང་ཆར་ཟིལ་མས་སྤང་ལྗོངས་བརླན་དུས་སུ། །

    སྤང་རྒྱན་མེ་ཏོག་འདབ་མ་མཉམ་བཞད་ཡིན། །

    མ་ཡུམ་མེས་རྒྱལ་གངས་དཀར་ལྷུན་པོ་འདྲ། །

    མི་རིགས་ང་དྲུག་གངས་ལྷ་མེ་ཏོག་འདྲ། །

    གངས་རིའི་དབུ་འཕང་དགུང་དང་མཉམ་དུས་སུ། །

    གངས་ལྷ་མེ་ཏོག་འཛིན་མའི་ཅོད་པན་འདྲ། །

    མ་ཡུམ་མེས་རྒྱལ་ས་གཞི་ཆེན་པོ་འདྲ། །

    མི་རིགས་ང་དྲུག་མེ་ཏོག་ང་དྲུག་འདྲ། །

    མུ་མེད་ས་གཞིར་དྲོད་གཤེར་འཛོམས་དུས་སུ། །

    མེ་ཏོག་ང་དྲུག་འདབ་མ་མཉམ་བཞད་ཡིན། །

    མ་ཡུམ་མེས་རྒྱལ་མེ་ཏོག་ལྡུམ་ར་འདྲ། །

    མི་རིགས་ང་དྲུག་སྣ་ཚོགས་མེ་ཏོག་འདྲ། །

    མེ་ཏོག་ལྡུམ་ར་གཡང་གི་སྐྱེད་ཚལ་དུ། །

    སྣ་ཚོགས་མེ་ཏོག་བཀྲག་མདངས་མངོན་པར་དོད། །

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།