དབུ་ཤོག>བོད་ཀྱི་རིག་གནས།
  • རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་། དུས་རབས་ཀྱི་སྙན་དབྱངས་མཉམ་དུ་དཀྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-29

    “ང་ལོ་4ལ་སླེབས་སྐབས་ལྷ་མོ་འཁྲབ་རྩལ་སྦྱངས་པ་ཡིན། ཨ་ཞང་ལགས་ངའི་དགེ་རྒན་རེད་ལ། པཱ་ལགས་ཀྱིས་ཀྱང་ཉིན་ལྟར་ང་ལ་སྦྱོང་བརྡར་གནང་རོགས་གནང་གི་ཡོད། ད་རེས་བྱ་དགའ་འདི་ཐོབ་པས་དགའ་ཚོར་ཆེན་པོ་བྱུང་། ངས་མུ་མཐུད་ལྷ་མོ་འཁྲབ་རྩལ་ཡག་པོ་སྦྱོང་གི་ཡིན”ཞེས་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་ལྷ་མོའི་རྣམ་ཐར་འགྲན་བསྡུར་ཆེ་མོའི་ལོ་ཆུང་བྱིས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་མཁན་འཆི་མེད་སྒྲོལ་དཀར་གྱིས་གསར་འགོད་པར་དེ་ལྟར་བཤད།

    “བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ནི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་འགྲན་བསྡུར་ཞིག་ཡིན་ཞིང་། ལྗོངས་ཡོངས་ཀྱི་རིག་རྩལ་དཔུང་ཆེན་གྱིས་རྣམ་གྲངས་16གི་རིག་རྩལ་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་བ་བརྒྱུད་ལྗོངས་ཡོངས་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་ནས། རྒྱ་ཆེའི་མང་ཚོགས་ཚོ་དེའི་ནང་ཧུར་ཐག་ཞུགས་པ་མ་ཟད་རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱང་ལོངས་སྤྱོད་གང་ལེགས་ཐུབ་ཡོད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཕུར་བུས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་འདོན་དགོས་ཞེས་བསྟན་ཡོད། འདི་ལོ་ཚུན་དུ་རང་ལྗོངས་ཀྱིས“བརྒྱ་སྟོང་ཁྲི་ཡི་བྱ་སྤྱོད”དམ་འཛིན་བྱ་གཞིར་བྱས་ནས། སྔ་རྗེས་སུ་སྒོར་ཁྲི་320ལྷག་ཙམ་བཏང་སྟེ་གཞི་རིམ་གྱི་རིག་གནས་དཔེ་སྟོན་འཐབ་ས་100སྐྲུན་མགྱོགས་སུ་བཏང་བས། ཞིང་འབྲོག་མང་ཚོགས་དང་། དགོན་སྡེའི་གྲྭ་དམངས། ལོ་ཆུང་བྱིས་པ་བཅས་ལ་འཚམ་པའི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དང་། བློ་འབྱེད་སློབ་གསོ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་དཔེ་དེབ་དང་དུས་དེབ་བཅས་གྲ་སྒྲིག་གང་ལེགས་བྱུང་བ་དང་། མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་ལྗོངས་ཡོངས་ཀྱི་དཔེ་སྟོན་རྫོང་དང་ཆུས་7(མཐའ་མཚམས་རྫོང4ཚུད་པ)ལ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་གཏོད་ལས་དོན་སྤེལ་བར་མུ་མཐུད་སྐུལ་འདེད་བཏང་བ། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་གཉེར་བ་དེས་རང་ལྗོངས་སུ་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་འགྲན་བསྡུར་མེད་པའི་སྟོང་ཆ་བསྐངས་ཡོད།

    “ད་ལོའི་ལོ་འགོར། ང་ཚོས་བོད་ཀྱི་རིག་གནས་ལས་དོན་གྱི་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་ལེགས་ཆར་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི‘གཙོ་རྐང་གཅིག’དང་། ‘སྤུས་དག་ཁག་གཅིག’གསར་གཏོད། ‘འདུ་འགོད་ཆེན་པོ་བརྒྱད’ལག་བསྟར།‘འགན་ལེན་གཅིག’དོན་འཁྱོལ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་བཏོན་ནས། རིག་གནས་ཀྱི་འཐབ་ས་དང་། རིག་གནས་ཀྱི་ནང་དོན། རིག་གནས་ཀྱི་ཐོན་ལས། རིག་གནས་ཀྱི་ཁྲིམས་བསྟར། རིག་གནས་ཀྱི་བདེ་འཇགས། རིག་གནས་ཀྱི་དྲིལ་བསྒྲགས་བཅས་ཀྱི་ལེགས་ཆ་དང་ཞན་ཆར་ལེ་ལག་ཚང་བའི་ངང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག དུས་རབས་གསར་པའི་བོད་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དུས་མཚམས་རང་བཞིན་གྱི་ཇུས་འགོད་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས་བཤད།

    འདི་ལོའི་ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་རིམ་ཁག་རིག་གནས་སྡེ་ཚན་གྱིས་གླུ་གར་ཟློས་གར་ཆེ་གྲས《གནམ་མཐའི་སྐལ་བཟང་མེ་ཏོག》དང་། ལྷ་མོ《སྐལ་བཟང་མེ་ཏོག་མཛེས་ཤོས》ཞབས་བྲོའི་ཟློས་གར《འཕྲིན་ཡིག》སོགས་ཕུལ་བྱུང་བརྩམས་ཆོས་1200ལྷག་ཙམ་གསར་རྩོམ་གྱིས་འཁྲབ་སྟོན་བྱས་པ་དང་། ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཆིག་སྟོང་ཡན་གསར་རྩོམ་བྱེད་པའི་ལོ་འཁོར་གྱི་ལས་འགན་ཡང་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ། ལྗོངས་ཡོངས་ཀྱི་རིག་རྩལ་དཔུང་ཆེན་ཁྲི་10ཡིས་མང་ཚོགས་ཀྱིས་གོ་ཐུབ་པ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་འཁྲབ་ནས་རིག་གནས་དམངས་ཕན་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་8སྤེལ་བ། སྤྱི་པའི་རིག་གནས་ཞབས་འདེགས་ཉོས་ནས་གཉེར་བའི“ང་ཚོའི་ཀྲུང་གོའི་ཕུགས་འདུན”— ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ་བའི་སྐོར་སྐྱོད་འཁྲབ་སྟོན་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་བྱས་པར་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་30མང་དུ་བཏང་བ། ཕོ་བྲང་པོ་ཏ་ལའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རྩ་ཆེན་4000ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱས་པ། གསར་བརྗེའི་རིག་དངོས་མིང་གཞུང་ཁག་138ཞིབ་བཤེར་གཏན་འཁེལ་གྱིས་ཡོངས་བསྒྲགས་བྱས་པ་མ་ཟད་སྒོ་བྱང་འགེལ་བ་དང་རྡོ་རིང་འཛུགས་པའི་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་སོགས་ལྗོངས་ཡོངས་ཀྱི་སྤྱི་པའི་རིག་གནས་མ་ལག་འཛུགས་སྐྲུན་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    འདི་ལོ་ཚུན་དུ། རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་གོ་སྐབས་སུ་བྱས་ནས་རིག་གནས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། མིག་སྔའི་བར་གཞིས་རྩེ་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་གིས་ལྷ་ས་དང་། ལན་ཀྲོའུ། ཆིང་ཏའོ་སོགས་སུ་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཞིང་། མ་འདྲེན་གླིང་ཞུགས་ཁེ་ལས་10ཡིས་ཚོང་འགུགས་མ་འདྲེན་རྣམ་གྲངས་11ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་10.36གཏོང་རྒྱུའི་གྲོས་མཐུན་བཞག་པ། མ་དངུལ་སྒོར་དུང་ཕྱུར་1.76དམིགས་སར་འབྱོར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1.01བཏང་ཡོད། གཞན་ཡང་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་རིག་གནས་དང་འབྲེལ་ཡོད་ལས་རིགས་ཀྱི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་སྒོར་དུང་ཕྱུར་39.32ཟིན་པ་དེ་དུས་མཚུངས་ལས་14.2%འཕར་ཡོད་པ་རེད།

    ཟླ་9ཚེས་15ཉིན། སྐབས་བཅུ་བདུན་པའི་ཝུན་ཧྭ་བྱ་དགའ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རིན་ཆེན་དོན་གྲུབ་ཀྱིས《བར་སྐོར་གྱི་སྒོ་ར་བྱང་མ》ཞེས་པའི་ནང་དུ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པས། ཁོང་ལ་སྐབས་བཅུ་བདུན་པའི་ཝུན་ཧྭ་འཁྲབ་སྟོན་བྱ་དགའ་ཐོབ་པ་རེད།

    “རིག་གནས་ལས་དོན་གྱི་འབྱུང་འགྱུར་སྔར་བས་འོད་ཟེར་སྟོང་ལྡན་ཡིན་ངེས་ཤིང་། ལོ་བརྒྱའི་རིང་འབྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་ང་ཚོས་ཡིད་ཆེས་ལྡབ་བརྒྱ་འཕེལ་བ་དང་། བློ་སྟོབས་ཆེན་པོ་འཆང་བ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་ལས་དོན་ཏན་ཏིག་སྒྲུབ་དགོས་ལ། འཐབ་རྩོད་བྱེད་ཕོད་པ་དང་བྱས་རྗེས་འཇོག་མཁས་པའི་སྙིང་རུས་ལ་བརྟེན་ནས་ཕུ་ཐུང་བརྫེས་ཏེ་ངར་ཤུགས་སྒྲིམ་པ་དང་། ལས་དོན་ཡོད་དོ་ཅོག་རེ་རེ་བཞིན་ཡག་པོ་བསྒྲུབས་ཏེ་རིག་གནས་ཀྱི་མེ་ཏོག་ལྡུམ་ར་ཡག་པོ་བསྐྲུན་ནས་མི་དེ་བས་མང་བས་བོད་ཀྱི་གཏམ་བཟང་ཐོས་ཐུབ་པར་བྱེད་ཀྱི་ཡིན”ཞེས་ཤའོ་ཁྲོན་ཅང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།