དབུ་ཤོག>བོད་ཀྱི་རིག་གནས།
  • མངོན་མིན་རིག་གནས་ཤུལ་བཞག་ལས་སྔར་བས་བཀྲག་མདངས་འཚེར་བར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    “ཉིན་ཤས་བསྟུད་མར་ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ“གྲོང་གསེབ་དར་རྒྱས་ཡོང་བ་དང་། ནག་ཆུས་འབད་འབུངས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་མང་ཚོགས་རང་བཞིན་གྱི་རྩལ་འགྲན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཞིང་འབྲོག་མང་ཚོགས་དེའི་ནང་ཞུགས་གང་ཐུབ་ཀྱི་སྐུལ་སློང་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་དང་གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་བྱས་པས། ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་པ་དང་ཕུལ་བྱུང་གི་བརྩམས་ཆོས་འབོར་ཆེན་ཐོན་ནས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། ཉེ་བའི་ལོ་ཤས་རིང་། རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་ཆེད། སོག་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དང་རྒྱུན་འཛིན་པའི་རེ་ཞུའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། མིག་སྔར་སོག་རྫོང་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་1དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་8 གྲོང་ཁྱེར་རིམ་པའི་རྣམ་གྲངས་16 རྫོང་རིམ་པའི་རྣམ་གྲངས་72བཅས་ཡོད་པ་རེད།

    མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་བྱས་པ།

    རྣམ་གྲངས་23ཡོད་པའི་ལྗོངས་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་རྩལ་ནུས་ཞིབ་འཇུག་རྟེན་གཞི་དང་པོ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་ལག་ལེན་རྒྱུན་འཛིན་རྟེན་གཞི་དེ་སོག་རྫོང་སྨན་རྩིས་ཁང་དུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། སོག་རྫོང་སྨན་རྩིས་ཁང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། སོག་རྫོང་གཅིག་སྡུད་བསྙེན་བཀུར་ཁང་བཅས་དང་མཉམ་དུ་མིང་རྟགས་བཀོད་པའི་ཤེས་ལྡན་པ་གསོ་སྐྱོང་གི་རྟེན་གཞི་དང་གསོ་རིག་གི་ལུས་གསོ་དྲག་སྐྱེད་ལྟེ་གནས་སོག་རྫོང་དུ་བཙུགས་པ་རེད།

    བསྟན་སྲུང་གྲགས་པ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་ལག་ལེན་གྱི་རྒྱུན་འཛིན་པ་ཞིག་ཡིན་པ་དང་། ཁོང་གིས་དགེ་ཕྲུག་ཚོའི་སྣེ་ཁྲིད་དེ་ཐོག་མཐའ་བར་གསུམ་དུ་དྲང་སྲུང་གསར་གཏོད་དང་། སྙིང་བཅུད་རྒྱུན་འཛིན། བློ་རྩེ་གཅིག་སྒྲིམ་ངང་ཞིབ་འཇུག་བཅས་མཐའ་འཁྱོངས་བྱས་ནས་བཅོས་དཀའ་བའི་ནད་མི་འདྲ་བའི་བཅོས་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།

    བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་ལག་ལེན་གྱི་ལག་རྩལ་ཁོང་དུ་ཆུད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་གཏོང་ཆེད། 2019ལོ་ནས་བཟུང་སོག་རྫོང་གིས་གཞི་རིམ་གྱི་སྨན་དོན་པར་ལག་ལེན་དེ་ཁོང་དུ་ཆུད་པའི་གསོ་སྦྱོང་བྱེད་འགོ་བཙུགས་ཤིང་། མིག་སྔར་གྲོང་གསེབ་ཀྱི་སྨན་པ་800ཡིས་ལག་ལེན་དེ་ཁོང་དུ་ཆུད་པ་མ་ཟད་ནད་ཐོག་ལ་འཕྱུགས་པ་མེད་པར་སྤྱོད་བཞིན་ཡོད།

    སོག་རྫོང་སྨན་རྩིས་ཁང་གི་དཔྱད་ཡིག་མཛོད་དུ་གསར་འགོད་པར་དཔྱད་ཡིག་ལྟ་བཞིན་པའི་གཞུ་སྙེ་མོ་བ་བསམ་གྲུབ་ཆོས་འཕེལ་འཕྲད་བྱུང་། ཁོང་གིས་ལས་རོགས་དང་མཉམ་དུ་ཟླ་བདུན་པའི་ཟླ་མཇུག་ལ་བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་ལག་ལེན་གྱི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་འཚོག་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག གཞུ་སྙེ་མོ་བ་བསམ་གྲུབ་ཆོས་འཕེལ་ནི་བསྟན་སྲུང་གྲགས་པའི་དགེ་ཕྲུག་གི་གྲས་ཡིན་ལ་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་གསོ་རིག་གི་འབུམ་རམས་པ་ཡང་རེད། ཁོང་གིས་བསྟན་སྲུང་གྲགས་པ་དང་མཉམ་དུ་བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་ལག་ལེན་ལ་ཞིབ་འཇུག་དང་རྒྱུན་འཛིན་གྱི་ལས་ལ་གཞོལ་བཞིན་ཡོད།

    “ང་ཚོས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་བཏང་ནས་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་སྤུས་རྟགས་བཏོད་དེ། སྤུས་རྟགས་ཀྱི་ཆབ་སྲིད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲུབ་འབྲས་གཟེངས་སུ་ཐོབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཡི་ཡིན”ཞེས་སོག་རྫོང་སྨན་རྩིས་ཁང་གི་ཡོན་ཀྲང་བཀྲ་ཤིས་སྟོབས་རྒྱལ་གྱིས་གསར་འགོད་པར་བཤད་བྱུང་།

    དྲང་སྲུང་གསར་གཏོད་བྱེད་རིང་ལག་རྩལ་ལ་གསོན་ཤུགས་འཕེལ་བར་བྱས་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ནས་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་མཚོན་པར་བྱ་ཆེད། སོག་རྫོང་ཆོས་འཁོར་དགོན་གྱི་དགེ་འདུན་པས་སྲོལ་རྒྱུན་གྱི་ལག་རྩལ་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་ལ་དགའ་གཅེས་ཀྱི་བརྩམས་ཆོས་གསར་རྩོམ་བྱས་ཡོད།

    མེ་ཏོག་མཆོད་པ་ནི་སྒྱུ་རྩལ་གྱི་རྣམ་པ་དམིགས་བསལ་ཞིག་ཡིན་པ་དང་། མར་རྒྱུ་ཆ་གཙོ་བོར་བྱས་ནས་མི་སྣ་དང་། མེ་ཏོག འདབ་ཆགས། རི་དྭགས། ལྗོན་ཤིང་སོགས་མི་དང་དངོས་པོ་བརྗོད་གཞིར་བྱས་ཏེ་གསར་རྩོམ་བྱས་པའི་མར་གྱི་ལག་བཟོས་སྒྱུ་རྩལ་ཁྱད་འཕགས་ཤིག་རེད།

    “ཧ་ཅང་བྱང་ཆུབ་པའི་ང་ཚོའི་ལག་རྩལ་ལས་ཐོན་པའི་བརྩམས་ཆོས་ཀྱིས་ང་ཚོའི་དགོན་པའི་དགེ་འདུན་པས་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་པ་འབུལ་བ་མཚོན་ལ། མེས་རྒྱལ་སྐྱེད་མར་དགའ་ཞེན་དང་མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་བཅངས་ལུགས་མཚོན་ཡོད”ཅེས་ཆོས་འཁོར་དགོན་པའི་དགེ་འདུན་པས་གསར་འགོད་པར་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་། སོག་རྫོང་གིས་ཐོག་མཐའ་བར་གསུམ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རྒྱུན་འཛིན་དང་ཁྱབ་སྤེལ་ལས་དོན་ལ་གཞོལ་བ་དེས། གནའ་བོའི་ལག་ཤེས་དང་དེང་རབས་ཀྱི་ལག་རྩལ་གཉིས་པོ་ཐབས་མཁས་ཀྱིས་ཟུང་འབྲེལ་སྒོ་ནས་ལག་རྩལ་དེ་གཞུང་འཁྱོངས་གསར་འབྱེད་ཐད་གསོན་ཤུགས་འཕེལ་ནས་དུས་རབས་ཀྱི་ཉམས་བཟང་མངོན་ཡོད།

    རྒྱལ་ཆེན་ཤང་ཉི་མ་གླིང་དགོན་དུ་དགེ་འདུན་པས་རྡུལ་ཚོན་གྱིས་ཏང་དར་དང་། རྒྱལ་དར། རྒྱལ་རྟགས་བཅས་བཟོས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་པ་མ་ཟད། སོག་རྫོང་གིས་དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའང་མངོན་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་གསར་སྤེལ་བེད་སྤྱད་ཀྱིས་མང་ཚོགས་ལ་འབབ་འཕར་བཏོད་པ།

    ཉེ་བའི་ལོ་ཤས་རིང་། སོག་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ལས་གསར་གཏོད་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་རྩལ་ཐོན་རྫས་དང་། ཡུལ་སྐོར་ཐོན་རྫས། འཚོ་བའི་མཁོ་ཆས་སྔོག་འདོན་དང་། གསར་གཏོད། གསར་བཟོ་བཅས་བྱས་ཏེ་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་ཐབས་ལམ་རྒྱ་ཆེར་བཏོད་ནས་ཚང་མ་སྒོ་རྩ་དང་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པར་བྱས་ཡོད།

    ཁྱད་ལྡན་ཐང་ག་དེ་སྲོལ་རྒྱུན་དང་དར་སྲོལ་གཉིས་ཀ་རེད་ལ། རིག་གནས་དང་ཐོན་ལས་ཀྱང་ཡིན་པས་ཐང་གའི་ཐོན་ལས་འཕེལ་རྒྱས་བཏང་བ་དེས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཁར་མང་ཚོགས་ལ་སྣེ་ཁྲིད་དེ་འབབ་འཕར་ཡོང་བར་སྣེ་ཁྲིད་ཐུབ་རྒྱུ་ཡིན་པར་བརྟེན་ནོར་བུ་དོན་གྲུབ་ཀྱིས་སོག་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་ལ་བརྟེན་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་པ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོ་ཆགས་པར་བྱས་ཤིང་། མིག་སྔར་ནོར་བུ་དོན་གྲུབ་ལ་དགེ་ཕྲུག་50ཡོད་པའི་ཁྲོད་37དབུལ་སྒྲོལ་ཁྱིམ་ཚང་ནས་རེད།

    སོག་རྫོང་གི་ལུང་རྟོགས་ཁྱིམ་དུ་རྟ་སྒྲོ་དང་། ཡུལ་སྐོར་ཁུག་མ། འཇུར་རྟ་སོགས་ཡོད་པ་གསར་འགོད་པས་མཐོང་བྱུང་། “ང་ནི་ཀོ་ཆས་ལག་ཤེས་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན། ངས་བཟོས་པའི་ཐོན་རྫས་གཙོ་བོ་སོག་རྫོང་དང་སྦྲ་ཆེན་རྒྱུད་ལ་ཚོང་འདུས་འཚོག་པའི་སྐབས་བཙོང་གི་ཡོད། ན་ནིང་ཀོ་ཆས་བཙོངས་ནས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང”ཞེས་ལོ་40ལ་སླེབས་པའི་ལུང་རྟོགས་ཀྱིས་བཤད་པ་དང་། ཁོང་གིས་རང་ཁྱིམ་གྱི་ཕ་མེས་ནས་བརྒྱུད་པའི་ལག་ཤེས་གཅུང་པོར་སློབ་རྩིས་ཡོད་ཚུལ་བཤད།

    ལུང་རྟོགས་ཀྱིས“རྗེས་མར། ངས་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་འཚོ་བ་ཟུང་འབྲེལ་བྱས་ཏེ། མང་ཚོགས་སྔར་ལས་མང་བས་དགའ་པོ་བྱེད་པའི་ཐོན་རྫས་གསར་གཏོད་བྱེད་ཀྱི་ཡིན་ལ། ལག་ཤེས་དེ་ཆ་ལག་ཚང་པོས་རྒྱུན་འཛིན་བྱས་ནས་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་རྒྱུར་རེ་ཞུའང་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།