དབུ་ཤོག>བོད་ཀྱི་རིག་གནས།
  • བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-14

     ཟླ་7ཚེས་12ཉིན་གྱི་དགོང་མོར། ཚོན་མདངས་རྣམ་པར་བཀྲ་བའི་གློག་སྒྲོན་འོག ལྷ་སའི་མཚན་ལྗོངས་ལྷག་ཏུ་ལྟ་ན་སྡུག་ལ། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ལྷ་སའི་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་ད་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པས། ང་ཚོས་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་གཉེར་ནས་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དུས་རབས་ཀྱི་བརྗོད་དོན་མཆོག་ཏུ་འཛིན་པ། བོད་ཀྱི་ཉམས་འགྱུར་མངོན་པ་བཅས་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། རིག་གནས་སྒྱུ་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ལྷད་མེད་ཀྱི་བསམ་པ་བརྟན་པོར་སྲུང་བ་དང་། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འགོ་ཚུགས་ས་གསར་པར་བརྩིས་ནས་སེམས་རྣལ་དུ་ཕབ་སྟེ་སློབ་སྦྱོང་དང་། བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ། འབད་འབུངས་ལྷོད་མེད་ཀྱིས་གསོ་སྐྱོང་བཅས་བྱས་པ་བརྒྱུད། དྲང་ནུས་དང་ཡིད་དབང་འཕྲོག་ཤུགས་སྔར་བས་མང་བ་དང་། མི་སེམས་ལ་དྲོ་སྐྱིད་སྦྱིན་ཐུབ་པ་དང་བློ་སྒོ་འབྱེད་ཐུབ་པ། སྐད་གྲགས་ཆོད་ཐུབ་པ་དང་རྗེས་རབས་ལ་འཇོག་ཐུབ་པ། མི་རིགས་ཁག་གི་མང་ཚོགས་ཚོས་དགའ་པོ་བྱེད་པ་བཅས་ཀྱི་བརྩམས་ཆོས་རྩེ་གྲ་བཏོད་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་བྱ་ཆེད་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྐུལ་སྤེལ་ནུས་པ་བཅས་མཁོ་འདོན་བྱེད་དགོས།

    ཤེས་རྟོགས་བྱུང་བར་གཞིཌ་ན། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་71འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་57འཁོར་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་སྤེལ་བའི་རང་སྐྱོང་ལྗོངས་རིམ་པའི་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་མ་དེ་ཡིན་པ་དང་། དེས་1965ལོར་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་བོད་དུ་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་འགྲན་བསྡུར་གཉེར་མྱོང་མེད་པའི་སྟོང་ཆ་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།