དབུ་ཤོག>བོད་ཀྱི་རིག་གནས།
  • བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-14


    ཟླ་7ཚེས་12ཉིན། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་རིག་གནས་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ལྷ་སར་འགོ་ཚུགས་ཤིང་། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་ནི་རང་ལྗོངས་ཀྱིས་གཉེར་ཐེངས་དང་པོ་ཡིན་པའི་ལྗོངས་ཡོངས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་སྒྱུ་རྩལ་གྱི་འགྲན་བསྡུར་ཞིག་རེད། དེར་རང་སྐྱོང་ལྗོངས་སྲིད་གཞུང་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་རིམ་པ་མཐོ་ཤོས་བཀོད་སྒྲིག་ཐེངས་དང་པོ་བྱས་པ་དང་། ལྗོངས་ཡོངས་ཀྱི་གཞོན་ནུ་གཞས་པ་གཞས་མའི་འགྲན་བསྡུར་ཆེ་མོ་དང་དམངས་ཁྲོད་གླུ་གར་འགྲན་བསྡུར་ཆེ་མོ་ཐེངས་དང་པོ་གཉེར་ཡོད། པར་རིས་འདི་གཉིས་ནི་འཁྲབ་སྟོན་པས་འགོ་ཚུགས་མཛད་སྒོའི་ཐོག་གླུ་གར་འཁྲབ་ཚན《གནམ་མཐའི་སྐལ་བཟང་མེ་ཏོག》ཅེས་པ་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།