དབུ་ཤོག>བོད་ཀྱི་རིག་གནས།
  • རབ་དཀར་ལྷག་བསམ་གཙང་མའི་ཆུ་འཛིན་ལས་། གཞན་ཕན་སློབ་གསོའི་གྲུ་ཆར་ཕྱོགས་སུ་འཇོ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-24

    6d8a7e8c-9530-44fd-a5b1-c312075e6bd1.jpg.jpg

    འདི་ནི་བློ་བཟང་སྒྲོལ་མས(དཀྱིལ)ཚོགས་པའི་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཀྱིལ་མཁར་ཤང་དུ་མཛེས་རྩལ་སློབ་གསོའི་སྤྱི་ཕན་བྱེད་སྒོ་སྤེལ་བཞིན་པ།

    2017ལོར“དགུ་བཅུ་ནང་སྐྱེས”ཀྱི་ལྷ་སའི་བུ་མོ་བློ་བཟང་སྒྲོལ་མས་བོད་ཀྱི་ལོ་ཆུང་བྱིས་པའི་མོ་ཐྲོལ་གུས་ལུགས་ཀྱི་ཆེད་ལས་གསོ་སྦྱོང་ལྟེ་གནས་དང་པོ་དེ་བཙུགས་ནས་གངས་ལྗོངས་ས་མཐོར་དར་སྤེལ་བཏང་བ་མ་ཟད། སྐྱེ་བོ་དེ་བས་མང་བས་བྱིས་པའི་མོ་ཐྲོལ་བརྒྱུད་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཉམས་འགྱུར་ཡང་མངོན་པར་བྱས་ཡོད།

    དབན་ཏ་ཐང་ཆེན་གསེར་ཁྲོམ་དུ་གནས་པའི་མཐའ་ཡས་མེ་ཏོག་མཛེས་རྩལ་སློབ་གསོའི་གསོ་སྦྱོང་ལྟེ་གནས་སུ་བསྐྱོད་སྐབས་སྒྱུ་རྩལ་གྱི་ཉམས་འགྱུར་ཟབ་མོ་མངོན་བཞིན་མཆིས། དེའི་ཁྲོད་ཀྱི་སློབ་ཁང་ཞིག་ནང་བློ་བཟང་སྒྲོལ་མས་སློབ་མ་ཚོར་སློབ་ཚན་འཁྲིད་བཞིན་ཡོད་པ་དང་བྱ་ལུགས་བྱེད་སྟངས་་ནས་མཛེས་ཉམས་ཤིག་ངམ་ངམ་ཤུགས་ཀྱིས་མངོན།

    སློབ་ཆེན་འགྲིམ་དུས་ནས་བློ་བཟང་སྒྲོལ་མས་ཧྲའན་ཤིས་ཞིང་ཆེན་གྱི་མོ་ཐྲོལ་ལས་རིགས་མཐུན་ཚོགས་སུ་ཟབ་སྦྱོང་དུ་བསྐྱོད་ཅིང་། སྒེག་ཉམས་ཀྱིས་ཕྱུག་པའི་བྱད་བཞིན་དང་གཟེངས་སུ་ཐོན་པའི་ཆེད་ལས་ཀྱི་བྱང་ཚད་ལྡན་པས་རྒྱལ་ནང་གི་གྲོང་ཁྱེར་ཆེ་གྲས་ཁག་གི་Tསྟེགས་འགྲན་བསྡུར་ལ་ཞུཌ་པའི་བསྐལ་བ་ཐོབ་པ་མ་ཟད། གཟི་བརྗིད་མཚན་སྙན་ཡང་མང་པོ་ཐོབ་ཡོད། སློབ་ཆེན་ཐོན་རྗེས་བློ་བཟང་སྒྲོལ་མ་གཞུང་ལས་པ་ཞིག་ཏུ་གྱུར་ཡང་མུ་མཐུད་མོ་ཐྲོལ་ལས་རིགས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས། ཟབ་སྦྱོང་བྱེད་རིང་བློ་བཟང་སྒྲོལ་མས་ལོ་ཆུང་བྱིས་པའི་མོ་ཐྲོལ་སློབ་གསོར་རྒྱུས་མངའ་བྱུང་ཞིང་། ཁོང་གིས་ལོ་ཆུང་བྱིས་པའི་མོ་ཐྲོལ་སློབ་གསོ་དེ་ཕྲུ་གུའི་འཚར་ལོངས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ཚོར་སྣང་བྱུང་ནས་ཕ་ཡུལ་གྱི་ཕྲུ་གུ་ཚོར་སློབ་སྦྱོང་གི་ཆ་རྐྱེན་དེ་འདྲ་མེད་པ་ཡིད་ལ་འཆར་བས་ལོ་ཆུང་བྱིས་པའི་མོ་ཐྲོལ་མཛེས་རྩལ་སློབ་གསོ་ཕ་ཡུལ་དུ་ཁྱབ་གདལ་གཏོང་རྒྱུའི་བསམ་བློ་འཁོར།

    2017ལོར་ཕུགས་འདུན་དོན་གཉེར་བྱེད་ཆེད་ལོ་25ལ་སླེབས་པའི་བློ་བཟང་སྒྲོལ་མས་ལོ་ཆུང་བྱིས་པའི་མོ་ཐྲོལ་མཛེས་རྩལ་སློབ་གསོ་བོད་དུ་ཁྱབ་གདལ་གཏོང་འགོ་བཙུགས་པ་དང་། མི་རིང་བར་གཞུང་གི་ལས་ཀ་ནས་དགོངས་པ་ཞུས་ཏེ་ལོ་ཆུང་བྱིས་པའི་མོ་ཐྲོལ་མཛེས་རྩལ་སློབ་གསོར་སེམས་ནུས་ཡོད་རྒུ་བཏོན། སྐབས་དེ་དུས་མི་རྣམས་ཀྱིས་ལོ་ཆུང་བྱིས་པའི་མོ་ཐྲོལ་ལ་ཁས་ལེན་དེ་ཙམ་བྱེད་ཀྱི་མེད་པ་དང་དེའི་སྐོར་གྱི་སློབ་གསོའི་ཆ་རྐྱེན་བོད་དུ་མེད། གནས་ཚུལ་དེ་འདྲའི་འོག་བློ་བཟང་སྒྲོལ་མའི་ལས་གཏོད་ཀྱི་ལམ་བུར་འགོག་རྐྱེན་མང་པོ་འཕྲད་མྱོང་ཡོད་མོད། འོན་ཀྱང་ཁོང་གིས་སེམས་ནུས་ཡོད་རྒུ་བཏོན་ནས་དར་སྲོལ་གྱི་ལམ་བུ་ཞིག་བཏོད་ཡོད།

    མཐའ་ཡས་མེ་ཏོག་མཛེས་རྩལ་སློབ་གསོ་ལྟེ་གནས་ཀྱིས་བོད་ཀྱི་ལོ་ཆུང་བྱིས་པའི་མཛེས་རྩལ་སློབ་གསོ་གསར་འབྱེད་བྱས་ཏེ། ལོ་ཆུང་བྱིས་པའི་གཟུགས་བྱད་མོ་ཐྲོལ་གུས་ལུགས་སློབ་གསོ་བོད་དུ་དར་སྤེལ་བཏང་ནས་བོད་ཀྱི་དར་སྲོལ་མཛེས་རྩལ་སློབ་གསོའི་སྟོང་ཆ་བསྐངས་བ་མ་ཟད། མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་ཁྱབ་གདལ་བཏང་སྟེ་དུས་ཡུན་ལོ་དྲུག་གི་རིང་འཕེལ་རྒྱས་བཏང་བ་བརྒྱུད། བོད་ཀྱི་ལོ་ཆུང་བྱིས་པ་ཚོར་ལོ་ཆུང་བྱིས་པའི་མོ་ཐྲོལ་ནང་དོན་གཙོ་བོར་བྱེད་པའི་མཛེས་རྩལ་སློབ་གསོའི་ལམ་བུ་ཞིག་བཏོད་ཡོད། བོད་ཀྱི་ཕྲུ་གུ་རྣམས་ལ་དུས་རབས་གསར་པའི་མཛེས་རྩལ་སློབ་གསོའི་ཁྲོད་གཟུགས་བྱད་ཡག་པོ་ཞིག་ཆགས་པར་བྱེད་པ་དང་། ཕྲུ་གུ་ཚོའི་རང་ངོས་ཀྱི་མཚོན་ཚུལ་ནུས་པ་ཆེ་རུ་གཏོང་བ། ཆུང་དུས་ནས་གུས་ལུགས་ཀྱི་གོམས་གཤིས་འཇགས་པར་བྱེད་པ། རང་ཚུགས་ཀྱི་བསམ་གཞིག་ནུས་པ་དང་རང་ངོས་ཀྱི་ཤེས་རྟོགས་ནུས་པ་གསོ་སྐྱོང་བཅས་བྱས་པ་མ་ཟད། མཛེས་རྩལ་ལག་ལེན་གྱི་སློབ་ཚན་དང་དེ་བཞིན་ཀུན་སྤྱོད་ཁྲིད་སྟོན་སློབ་ཚན་འཁྲིད་དེ་ཕྲུ་གུ་ཚོའི་གཅེས་སེམས་དང་། ངང་རྒྱུད། རིན་ཐང་ལྟ་བ་སོགས་འཚར་ལོངས་ཡོང་བར་དགོས་ངེས་ཀྱི་ཕྱོགས་བསྡུས་ནུས་པ་གསོ་སྐྱོང་བྱས་པ་བརྒྱུད། ཕྲུ་གུ་ཚོ་འཚར་ལོངས་ཡོང་བར་ཆ་རྐྱེན་དེ་བས་མང་བ་བཏོད་ཡོད།

    ད་ཆ་མཐའ་ཡས་མེ་ཏོག་མཛེས་དཔྱད་སློབ་གསོ་ལྟེ་གནས་ལྷ་སར་སྐད་གྲཌ་ཆོད་དེ་ཁྱིམ་བདག་དང་ཕྲུ་གུ་མང་པོ་ཞིག་དེ་གར་གསོ་སྦྱོང་བྱེད་པར་ཡོང་གི་ཡོད།

    94baa53f-1b3e-47ce-9c0f-1c4255710031.jpg.jpg

    འདི་ནི་མཐའ་ཡས་མེ་ཏོག་མཛེས་རྩལ་སློབ་གསོ་ལྟེ་གནས་ཀྱི་སློབ་མས་ལྕགས་རི་རིང་པོར་ལྟ་སྐོར་ལ་སྐྱོད་བཞིན་པ།

    3afb4957-4329-4fc9-94c5-b98e0c9808b6.jpg.jpg

    འདི་ནི་མཐའ་ཡས་མེ་ཏོག་མཛེས་རྩལ་སློབ་གསོའི་ལྟེ་གནས་ཀྱི་སློབ་མ་ཚོས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་བྱེད་བཞིན་པ།

    cf28db93-9887-4c60-a0a5-616b1b33fffc.jpg.jpg

    འདི་ནི་ཕྲུ་གུ་ཚོས་ཕྱི་རོལ་དུ་སྤྱི་ཚོགས་ལག་ལེན་བྱེད་སྒོར་ཞུགས་བཞིན་པ།

    52c1ee0d-f75e-48bd-9d62-0485f50b5568.jpg.jpg

    འདི་ནི་བུ་མོ་ཞིག་གིས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་བྱེད་བཞིན་པ།

    f20409b2-ff6f-4087-80b8-838bdb96e456.jpg.jpg

    འདི་ནི་བློ་བཟང་སྒྲོལ་མས་ཕྲུ་གུ་ཚོར་སྤྱི་ཚོགས་ལག་ལེན་གྱི་སློབ་ཚན་ཁྲིད་བཞིན་པ།

    99041a75-6ef2-45da-a877-79073723ccbc.jpg.jpg

    འདི་ནི་སློབ་ཚན་མ་འཚོག་གོང་བློ་བཟང་སྒྲོལ་མས་ཕྲུ་གུར་གྱོན་ཆས་གཡོག་བཞིན་པ།

    34972a21-10df-4035-804b-1a828b794055.jpg.jpg

    འདི་ནི་མཐའ་ཡས་མེ་ཏོག་མཛེས་རྩལ་སློབ་གསོ་ལྟེ་གནས་ཀྱི་སློབ་མས་རྒྱལ་སྤྱིའི་བྱིས་པའི་གྱོན་ཆས་གཟའ་འཁོར་སྐབས་གསུམ་པའི་ཐོག་ཉམས་འགྱུར་ངོམ་བཞིན་པ

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།