ཟླ་6ཚེས་15ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ལ་མི་སྒེར་གྱིས་ཉར་ཚགས་བྱས་པའི་རིག་དངོས་འབུལ་བའི་མཛད་སྒོ་འཚོགས་པ་རེད།
མཛད་སྒོ་ཚོགས་ཡུལ།
བློ་བཟང་བསྟན་འཛིན་ལགས་ཀྱིས་ཕུལ་བའི་རིག་དངོས་176ནང་ཐང་ག་དང་། ཆོས་གོས། སྐུ་འདྲ(གསེར་ཟངས) འཇིམ་སྐུ། རྡོ་བརྐོས། གནའ་གཞུང་། ཆོས་ཆས། རིང་བསྲེལ་སོགས་རིགས་བཅུ་ལྷག་ཡོད་པ་རེད།
རྗེ་ཙོང་ཁ་པ་མྱ་ངན་ལས་མ་འདས་གོང་མཆོད་པའི་ཆོས་གོས(རིམ་པ་དང་པོའི་རིག་དངོས)
“བློ་བཟང་བསྟན་འཛིན་ལགས་མི་སྒེར་གྱིས་ཉར་ཚགས་བྱས་པའི་རིག་དངོས་176ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ལ་ཕུལ་བས། ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་རིག་དངོས་ཀྱི་གྲངས་འབོར་དང་སྣ་ཁ་དེ་བས་ཕུན་སུམ་ཚོགས་པོར་གྱུར། ཁོང་གི་སྤྱོད་ཚུལ་དེ་ལས་སྤྱི་ཚོགས་ལ་འགན་འཁུར་བ་དང་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་གང་ལེགས་མངོན་པས། བོད་ལྗོངས་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་རེད། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་ཁོང་གིས་ཕུལ་བའི་རིག་དངོས་ཉར་ཚགས་ཡག་པོ་དང་། སྲུང་སྐྱོང་ཡག་པོ། ཞིབ་འཇུག་ཡག་པོ་བཅས་བྱས་ནས་རྩ་ཆེའི་ཤུལ་བཞག་མི་ཚང་མར་ལོངས་སྤྱོད་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་རིན་ཐང་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས”ཞེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས་བརྗོད།
མཛད་སྒོ་ཚོགས་ཡུལ།
ཆིང་རྒྱལ་རབས་དུས་འགོའི་སྐབས་ཀྱི་བཀྲ་ཤིས་ཡི་གེ་འཁོད་པའི་གསེར་གྱི་ཆང་རྐྱན།
ལོ་རབས་12ནས་13བར་གྱི་ཚ་ཚ།
བོད་ཡིག་གནའ་གཞུང(འགའ་ཞིག་རིམ་པ་དང་པོའི་རིག་དངོས་སུ་གཏན་འཁེལ་བྱས་པ)
རིག་དངོས་ཁག་གཅིག