དབུ་ཤོག>བོད་ཀྱི་རིག་གནས།
  • “བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལེགས་སྒྲིག་དང་། རྒྱུན་འཛིན། ཞིབ་འཇུག་བཅས་དང་གྲངས་འཛིན་ཅན་གྱི་སྲུང་སྐྱོང”བདེ་བླག་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-11

    ཉེ་ཆར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན“བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལེགས་སྒྲིག་དང་། རྒྱུན་འཛིན། ཞིབ་འཇུག་བཅས་དང་གྲངས་འཛིན་ཅན་གྱི་སྲུང་སྐྱོང”བདེ་བླག་ངང་མཇུག་འགྲིལ་བ་རེད།

    “བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལེགས་སྒྲིག་དང་། རྒྱུན་འཛིན། ཞིབ་འཇུག་བཅས་དང་གྲངས་འཛིན་ཅན་གྱི་སྲུང་སྐྱོང”གི་རྣམ་གྲངས་ཞིབ་འཇུག་ལ་ནང་དོན་ཁག་དྲུག་ཡོད་པ་སྟེ། གཅིག་ནི་བོད་ཀྱི་སྲོལ་རྒྱུན་གླུ་གར་དང་། རོལ་དབྱངས། ལྷ་མོའི་སྒྱུ་རྩལ་བཅས་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཞིབ་འཇུག་དང་། གཉིས་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དམངས་སྲོལ་རིགས་ཀྱི་རྣམ་གྲངས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཞིབ་འཇུག གསུམ་ནི་བོད་ཀྱི་གསོ་བ་རིག་པ་དང་། གནམ་རིག་སྐར་རྩིས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཞིབ་འཇུག བཞི་ནི་གླིང་སྒྲུང་སྒྱུ་རྩལ་གྱི་ཞིབ་འཇུག་དང་། ལེགས་སྒྲིག རྒྱུན་འཛིན་བཅས་ལ་ཞིབ་འཇུག ལྔ་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་དང་ལག་ཤེས་བཟོ་རྩལ་ལེགས་སྒྲིག་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་ལ་ཞིབ་འཇུག དྲུག་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་གཞིའི་མཛོད་ཀྱི་ལས་སྟེགས་དྲ་ངོས་སྐྲུན་པ་བཅས་རེད། རྣམ་གྲངས་དེའི་ཞིབ་འཇུག་བྱ་གཞི་བྱེ་བྲག་པར་ཡུལ་དངོས་ལ་རྟོག་ཞིབ་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ། རྒྱུན་འཛིན་པའི་ངག་རྒྱུན་ཉན་པ། སྒྲ་འཇུག བརྙན་ལེན། པར་ལེན། དྲིས་ལན་བརྟག་དཔྱད་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ལེགས་སྒྲིག་དང་ཞིབ་འཇུག་བྱས་པ་ཞིག་རེད། ཞིབ་འཇུག་བྱ་གཞི་བྱེ་བྲག་པར་ཞིབ་འཇུག་བྱེད་སྐབས་རིག་ཚན་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བར་བརྟེན་ནས། རྒྱལ་ཁབ་ཀྱི་གཞི་ཆེན་རིགས་པའི་གཞུང་ལུཌ་ཀྱི་མཛུབ་ཁྲིད་དང་མཐུན་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མ་ལག་དང་རང་ལྗོངས་ཀྱི་ལྗོངས་བབ་དང་འཚམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་རིག་གཞུང་བསམ་བློའི་མ་ལག་ཅིག་ཇི་ལྟར་འཛུགས་པར་འཚོལ་ཞིབ་བྱས་ཏེ། མི་རིགས་རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ། བོད་ཀྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    རྣམ་གྲངས་དེ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ངག་དབང་འཇིགས་མེད་ཀྱིས་དབུ་བཞུགས་རིགས་གཅིག་མཁས་ཅན་གྱི་འགན་ཁུར་བ་དང་། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཁང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་། རིག་གཞུང་སློབ་གླིང་། སྒྱུ་རྩལ་སློབ་གླིང་བཅས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཞིབ་འཇུག་བྱ་གཞི་སོ་སོའི་འགན་ཁུར་ཡོད།

    རྣམ་གྲངས་ཞིབ་འཇུག་ལ་ཐོབ་པའི་གྲུབ་འབྲས་ལས། སྤྱི་ཚོགས་ལ་ཤུགས་རྐྱེན་བཟང་པོ་རྒྱ་ཁྱབ་ངང་ཐེབས་ཡོད། ཞིབ་འཇུག་བྱ་གཞི་ཚོགས་ཆུང་གིས་དུས་མཚམས་ཀྱི་གྲུབ་འབྲས་ཆེད་རྩོམ་4ཡོངས་བསྒྲགས་དཔེ་སྐྲུན་བྱས་པ་དང་། སྒྲ་བརྙན་ཐོན་རྫས་DVD1བཏོན་པ། དུས་མཚམས་ཀྱི་གྲུབ་འབྲས་དཔྱད་རྩོམ་38བཏོན་པ། རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུར་མི་ཐེངས་8ཞུགས་པ་དང་དཔྱད་རྩོམ་8བསྡུས་པ། “ས་ཁོངས་ཀྱི་རིག་གནས་སྒྲོམ་གཞིའི་འོག་གི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལུགས་མི་འདྲ་བར་དཔྱད་པ”ཞེས་པར་2015ལོའི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། 2016ལོའི་ཝུའུ་ཧན་དུ་འཚོགས་པའི“འབྲི་ཆུ་རྒྱུག་ཁུལ་གྱི་རོལ་དབྱངས་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན”གྱི་ཆེད་དོན་རིག་གཞུང་གླེང་སྟེགས་ལ་ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།