ཚེས་27ཉིན། ལྗོངས་ཡོངས་ཀྱི་གཞི་རིམ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང“རིག་རྩལ་གསར་གཉིས”རྩ་འཛུགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་གཞི་རིམ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང“རིག་རྩལ་གསར་གཉིས”རྩ་འཛུགས་ཀྱི་ལས་དོན་སྙན་སེང་ཉན་པ་དང་། མིག་སྔའི་གནས་བབ་དང་དཀའ་ངལ་ལ་དབྱེ་ཞིབ་མཐའ་དཔྱོད་བྱས་པ། རང་ལྗོངས་ཀྱི་གཞི་རིམ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང“རིག་རྩལ་གསར་གཉིས”ཀྱི་ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་ལ་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།
ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། དུས་རབས་གསར་པའི་གཞི་རིམ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང“རིག་རྩལ་གསར་གཉིས”ཀྱི་ལས་དོན་ཡག་པོ་སྒྲུབ་པར། ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ཧུར་ཐག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རྙིང་འབུད་གསར་འདོན་དང་རྩ་བ་བརྟན་སྲུང་དང་གསར་གཏོད་བྱས་ཏེ། བསམ་བློའི་རང་བཞིན་དང་། སྒྱུ་རྩལ་གྱི་རང་བཞིན། དྲིལ་བསྒྲགས་ཀྱི་རང་བཞིན་བཅས་ཟུང་འབྲེལ་གང་ལེགས་བྱེད་པའི་བརྩམས་ཆོས་སྤུས་དག་ཁག་གཅིག་ཐོན་པའི་བརྩོན་ལེན་བྱེད་དགོས། “མི་སྣ་གསོ་སྐྱོང་ལས་དོན”གྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཀྱི་མཛུབ་ཁྲིད་དང་ཞབས་འདེགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འབྲེལ་གཏུག་ས་ཚིགས་ཀྱི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཞི་རིམ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང“རིག་རྩལ་གསར་གཉིས”ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་ཧུར་ཐག་བྱེད་པ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཀྱིས་རྒྱུན་གཏན་འཚོ་བ་དང་འབྲེལ་འདྲིས་ཀྱི་བརྩམས་ཆོས་ཁག་གཅིག་བྲིས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།