དབུ་ཤོག>བོད་ཀྱི་རིག་གནས།
  • བོད་དུ《གླིང་སྒྲུང》རྒྱ་ཡིག་ཏུ་སྒྱུར་བའི་དུས་ཐེངས་གཉིས་པའི་འདུ་འགོད་ལག་བསྟར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-30

    ཚེས་26ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་རིག་གནས་འདུ་འགོད་གལ་ཆེན《གླིང་སྒྲུང》རྒྱ་ཡིག་ཏུ་སྒྱུར་བའི་དུས་ཐེངས་གཉིས་པའི་འདུ་འགོད་ལག་བསྟར་བྱེད་འགོ་འཛུགས་ཉེར་ཡོད། ལས་དོན་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། མྱུར་སྐྱོབ་དང་ལེཌ་སྒྲིག་གི་འཆར་གཞི་ལྟར་ན། 《གླིང་སྒྲུང》རྒྱ་ཡིག་ཏུ་སྒྱུར་བའི་དུས་ཐེངས་གཉིས་པའི་འདུ་འགོད《དམངས་ཁྲོད་སྒྲུང་པས་བཤད་པའི་གླིང་སྒྲུང་དཔེ་ཚོགས》ཁྲོད་ནས་ཁག་10དང་དེབ་16བདམས་ཏེ་རྒྱ་ཡིག་ཏུ་སྒྱུར་བའི་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་དང་། འདུ་འགོད་དེ་ལོ་5ལ་ཕྱེ་ནས་ལག་བསྟར་བྱ་རྒྱུ། གྲོན་དངུལ་ལོ་ལྟར་གྱི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་ཐག་གཅོད་བྱ་རྒྱུ་བཅས་རེད།

    2013ལོའི་ལོ་མཇུག་ཏུ། 《གླིང་སྒྲུང》རྒྱ་ཡིག་ཏུ་སྒྱུར་བའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། དེའི་རིང་དཔེ་སྐྲུན་བྱས་པའི《སྒྲུང་པ་བསམ་གྲུབ་ཀྱིས་བཤད་པའི་གླིང་སྒྲུང》བོད་ཡིག་དཔེ་དེབ་48ཁྲོད་ནས་33བདམས་ཏེ་རྒྱ་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱས་པ་དང་འབྲེལ། འདི་ལོའི་ལོ་འགོར་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཡང་འཚོགས་པར་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ལས་དོན་པ་དང་གླིང་སྒྲུང་ལ་དགའ་པོ་བྱེད་མཁན་ཚོའི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།