དབུ་ཤོག>བོད་ཀྱི་རིག་གནས།
  • བཞད་མཐོང་སྨོན་རྫོང་གིས་2022ལོའི་རིག་རྩལ་གསར་རྩོམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-03

    རིག་རྩལ་བརྩམས་ཆོས་གསར་རྩོམ་ལས་དོན་སྔར་བས་སྤེལ་ཤུགས་ཆེ་རུ་བཏང་ནས“མི་དམངས་ལྟེ་བར་འཛིན་པའི”གསར་རྩོམ་གྱི་འདུ་ཤེས་མཐའ་འཁྱོངས་བྱ་ཆེད། ཉེ་ཆར། བཞད་མཐོང་སྨོན་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་བཞད་མཐོང་སྨོན་རྫོང་རིག་རྩལ་ཚོགས་པའི་2022ལོ་འཁོར་གྱི་རིག་རྩལ་གསར་རྩོམ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག འདས་ཟིན་པའི་ལོ་གཅིག་རིང་གི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་རིག་རྩལ་གསར་རྩོམ་གནས་ཚུལ་ལ་ཕྱོགས་སྡོམ་བྱས་པ་དང་འབྲེལ། 2022ལོའི་གཙོ་གནད་གསར་རྩོམ་གྱི་བརྗོད་བྱ་བཀོད་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་ཚོགས་ཞུགས་མི་སྣས་བརྩམས་ཆོས་སྤུས་དག་གསར་རྩོམ་ཇི་ལྟར་བྱེད་པར་དམིགས་ཏེ། གཏམ་བཤད་ཧུར་ཐག་སྤེལ་ནས་གྲོས་བསྡུར་ཚ་ཚ་འུར་འུར་བྱས་ཤིང་། ཚོགས་འདུའི་ཐོག གསར་རྩོམ་བྱེད་མཁན་ཚང་མར་མིག་སྔར་གཞི་ཚུགས་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་སྟངས་འཛིན་བྱེད་པ། “འདུ་ཤེས་བཞི”དང་། “གདེང་ཚོད་བཞི” སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། ཁྲིམས་སྐྱོང་འཛུགས་སྐྱོང་། གྲོང་གསེབ་དར་རྒྱས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག དུས་རབས་གསར་པའི་རིག་རྩལ་ལས་དོན་པས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ལོ་རྒྱུས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་གཏམ་རྒྱུད་སོགས་དང་ཟུང་འབྲེལ་གྱིས་འཚོལ་བསྡུ་གསར་རྩོམ་བྱས་ཏེ་རོལ་དབྱངས་དང་། ཞབས་བྲོ། གཞས་མ་གཏམ་སོགས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཁག་གཅིག་འདོན་དགོས་པ། གོམས་སྲོལ་སྒྱུར་བ་དང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། ཁྲིམས་སྐྱོང་སྤྱི་ཚོགས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་རོལ་དབྱངས་དང་། ཞབས་བྲོ། གཞས་མ་གཏམ་སོགས་ཀྱི་བརྩམས་ཆོས་ཕུལ་བྱུང་དེ་བས་མང་བ་འདོན་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།