དབུ་ཤོག>བོད་ཀྱི་རིག་གནས།
  • རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུན་འཛིན་དང་སྲུང་སྐྱོང་ནུས་ལྡན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-20

    ཉིན་ཤས་གོང་། གསར་འགོད་པར་2022ལོའི་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2021ལོར་རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་17མང་དུ་ཕྱིན་པ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཁག་དང་པོ་འཛུགས་གཏོད་ལས་དོན་སྤེལ་འགོ་ཚུགས་པ། བོད་ཀྱི་གསོ་བ་རིག་པའི་ལུམ་བཅོས་ལག་བསྟར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    2021ལོར་འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་གནའ་དཔེའི་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། མིག་སྔའི་བར་ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེའི་ཚད་ལྡན་ཡིག་ཆ)སྲུང་སྐྱོང་ཞིབ་འཇུག་རྣམ་གྲངས་ཀྱིས་གནའ་དཔེ་པོ་ཏི4553(ཤིང་ཏ་ལའི་ལོ་མའི་དཔེ་ཆ་པོ་ཏི་465ཚུད་པ)ལ་ཡོངས་བཤེར་དང་། གནའ་དཔེ་ཤོག་ལྡེབ་21976(རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེ་ཤོག་ལྡེབ་258)ཉམས་གསོ། གནའ་དཔེ་པོ་ཏི་359གྲངས་འཛིན་ཅན་དུ་བཟོས་པ་བཅས་ལེགས་འགྲུབ་བྱས་པ་དང་འབྲེལ། བོད་ཤོག་གི་ད་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་ཞིབ་འཇུག་བྱ་གཞི་ལེགས་འགྲུབ་ཀྱང་བྱས་པ་རེད།

    གཞན་ཡང་། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་121གིས་དུད་ཚང་2000ལྷག་ཙམ་གྱི་མི་3000ལྷག་ཙམ་ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས་པ་དང་མི་རེར་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་ཁེ་ལས་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་དྲ་ཐོག་དང་དྲ་ཕྱི་བརྒྱུད་བྲིན་ཚོང་བྱེད་ཚད་སྒོར་ཁྲི་600ལྷག་ཙམ་ཟིན་ཡོད། རིག་གནས་ལས་དོན་དེ་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།