དབུ་ཤོག>བོད་ཀྱི་རིག་གནས།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནག་ཆུར་བརྟག་ཞིབ་གནང་བ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-03

     ཟླ་8ཚེས་22ཉིན་ནས་ཚེས་30ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནག་ཆུ་གྲོང་ཁྱེར་གྱི་ཤན་རྩ་དང་། མཚོ་གཉིས། ཨ་མདོ། སྙན་རོང་སོགས་རྫོང་དང་གསེར་རྙེད་ཆུས་སུ་འཚམས་འདྲི་དང་བརྟག་ཞིབ་གནང་བ་མ་ཟད། ཐག་རིང་ལུང་ཁུག་གི་དགོན་སྡེར་ཕེབས་པ་དང་དད་ལྡན་སེར་སྐྱ་མང་ཚོགས་དང་འབྲེལ་གཏུག་རྒྱ་ཁྱབ་གནང་སྟེ་ཆོས་ཕྱོགས་ཀྱི་མཛད་སྒོ་ཡང་སྤེལ་བ་རེད།

    རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་རྣམ་གྲངས་ཡིན་པའི་ཤན་རྩ་རྫོང་གི་དྲོད་རླངས་མཁོ་འདོན་བཟོ་གྲྭས་ཉི་ནུས་ཀྱིས་དྲོད་ཁུངས་གཙོ་བོར་བྱས་ཏེ་དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་17.54ཟིན་པ་དང་། འཁོར་རྒྱུག་བྱས་ཚུན། རྫོང་གྲོང་གི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དགོས་མཁོ་སྤྱིར་ན་བསྐངས་ཡོད། པཎ་ཆེན་མཆོག་དྲོད་ཁུངས་བཟོ་གྲྭའི་འཁོར་ཁང་དུ་ཕེབས་ནས་ལག་རྩལ་སྐོར་བཀའ་འདྲི་གནང་བ་དང་ཕན་འབྲས་ལ་གཟིགས་པ་མ་ཟད། མེས་རྒྱལ་གྱི་ས་གནས་ཁག་ནས་ཡོང་བའི་ལས་དོན་མི་སྣར་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་ལག་ལེན་བསྟར་བ་དང་ཕྱར་བ་གྲུ་འདེགས་ངང་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་དྲོ་སྐྱིད་གངས་ལྗོངས་ས་མཐོར་སྦྱིན་པར་བསྔགས་བརྗོད་ཀྱང་གནང་བ་རེད། སྙན་རོང་རྫོང་དགའ་མཆོག་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་པཎ་ཆེན་མཆོག་གིས་ས་གནས་དེ་གའི་མར་དང་། ཞོ། ཕྱུར་བ་སོགས་འབྲོག་ལས་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ནས། རྫོང་དེའི་ཐོན་ལས་འཕེལ་རྒྱས་ཀྱིས་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། གསེར་རྙེད་ཆུས་སུ་གནས་པའི་ཀྲེ་ཅང་ཐོན་ལས་བོད་སྐྱོར་རྣམ་གྲངས་ཀྱི་མུའུ་བརྒྱའི་རིག་ནུས་དྲོད་ཁང་དུ་པཎ་ཆེན་མཆོག་ཤིང་འབྲས་དང་སྔོ་ཚལ་འཁོར་ཁང་དུ་ཕེབས་ནས་གནས་ཚུལ་ངོ་སྤྲོད་གསན་སྐབས། དེང་རབས་ཞིང་ལས་ལག་རྩལ་ནང་འདྲེན་དང་ཞིང་ལས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་པ་བརྒྱུད། བོད་བྱང་ཐང་གི་མང་ཚོགས་ལ་སྔོ་ཚལ་དང་ཤིང་འབྲས་སོས་པ་ཡོད་པ་དང་ཆབས་ཅིག མང་ཚོགས་ཀྱི་ཞིང་ལས་སྤྲོ་གསེང་དང་ཚན་རིག་ཁྱབ་གདལ་སློབ་གསོ་སྤེལ་ཡུལ་ཡག་པོ་ཞིག་ཏུ་གྱུར་པ་མཁྱེན་སྐབས། པཎ་ཆེན་མཆོག་ཐུགས་བློ་བདེ་པོ་བྱུང་བ་རེད།

    པཎ་ཆེན་མཆོག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད། བོད་བྱང་ཐང་གི་འབྲོག་པའི་ཁྱིམ་ནས་ཐོན་པའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་རབས་གསར་པའི་སྤྲུལ་སྐུ་དང་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་བྱོན་གྱི་རྒྱུན་འཛིན་པ་ཞིག་གི་ངོས་ནས། ངས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེའི་བསམ་པ་དང་། སྡིག་སྤོང་དགེ་སྒྲུབ། རྒྱལ་ཕན་དམངས་ཕན་བཅས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་ཕ་ཡུལ་དང་། མེས་རྒྱལ། མི་དམངས་བཅས་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་དད་སེམས་བརྟན་དུ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་དེ་བས་ལེགས་པའི་སྒོ་ནས་མེས་རྒྱལ་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། བརྟན་ལྷིང་སྲུང་སྐྱོང་། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དྲང་ནུས་ལ་འགྱུར་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།