དབུ་ཤོག>བོད་ཀྱི་རིག་གནས།
  • ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-24

    ཟླ་7པའི་ལྷ་སར་སྔོ་ལྗང་རབ་ཏུ་རྒྱས་ཤིང་། ཟླ་7ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལྷ་སའི་འབྲས་སྤུངས་དགོན་དུ་ཕེབས་ཏེ་བོད་ཀྱི་ཆོས་ལུགས་ལས་དོན་སྐོར་དང་འབྲས་སྤུངས་དགོན་གྱིས་དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པའི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟོག་ཞིབ་ཀྱི་ཞབས་རྗེས་བསྙེགས་ནས་འདི་ག་ཚགས་པར་གྱི་གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བཀའ་མོལ་ཞུས་པའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པ་ཁག་གཅིག་ལ་བསྐྱར་འདྲི་བྱས་པ་ཡིན།

    ལོ་རྒྱུས་དང་རིག་དངོས་ལས། བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་ཐུབ་པ།

    ལྷ་ས་ནས་ནུབ་ཏུ་སྤྱི་ལེ་10ཙམ་གྱི་སར་གནས་པའི་དགེ་འཕེལ་དབུ་རྩེའི་ལྷོ་ངོས་ཀྱི་རི་སུལ་དུ་ཆགས་པའི་འབྲས་སྤུངས་དགོན་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་དྲུག་གི་ཡ་གྱལ་ཞིག་རེད་ལ་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཀྱང་རེད།

    ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ལྷ་སའི་ནུབ་འདབས་སུ་ཆགས་པའི་འབྲས་སྤུངས་དགོན་དུ་ཕེབས་པ་རེད། ཚོགས་ཆེན་འདུ་ཁང་གི་ཐང་ཆེན་དུ་དུང་དང་རྒྱ་གླིང་གི་སྒྲ་གྲགས་ཤིང་། འབྲས་སྤུངས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་ཕུལ་བ་དང་། དགེ་འདུན་པས་བསང་ཕོར་འཁྱེར་བ་དང་གདུགས་ཕུབ་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཚོགས་ཆེན་འདུ་ཁང་ལ་ཕེབས་པ་རེད། ཞི་ཅིན་ཕིང་གིས་བོད་ཀྱི་ཆོས་ལུགས་ལས་དོན་གྱི་གནས་ཚུལ་དང་འབྲས་སྤུངས་དགོན་གྱིས་དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པའི་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་འབྲེལ་ཚོགས་ཆེན་འདུ་ཁང་དུ་གཟིགས་ཞིབ་གནང་ཞིང་། ལོ་འདི་དག་ནང་འབྲས་སྤུངས་དགོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲས་སྤུངས་དགོན་གྱི་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་རིག་དངོས་དང་ཐང་ག་སོགས་ལ་གཟིགས་ཤིང་། རིག་དངོས་རེ་རེ་ལས་བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ལ་དཔང་པོ་བྱས་ལ། ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གཟིགས་སྐྱོང་གནང་བའི་ལོ་རྒྱུས་ཀྱི་དཔང་པོའང་བྱས་པ་རེད།

    “སྒྲིག་གཤོམ་བྱས་པའི་རིག་དངོས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧ་ཅང་མཉེས་པོ་གནང་གི་འདུག རིག་དངོས་ཁག་གཅིག་གི་སྐོར་ལ་བཀའ་འདྲི་ཧ་ཅང་ཞིབ་ཕྲ་གནང་བྱུང་། ངས་རེ་རེ་བཞིན་ངོ་སྤྲོད་ཞུས་པ་ཡིན”ཞེས་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གསལ་འགྲེལ་ཞུ་སྐབས་ཀྱི་རྣམ་པ་ཕྱིར་དྲན་བྱེད་བཞིན་བརྗོད། 

    “ཚད་གཞི་བཞི”ལག་ལེན་བསྟར་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ།

    ངག་དབང་ཆོས་འཛིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགོན་སྡེའི་ལོ་རྒྱུས་དང་ཉེ་བའི་ལོ་ཤས་རིང་དགོན་སྡེ་དོ་དམ་གསར་གཏོད་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་ཞུས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་དགོན་པར་ཕེབས་ནས་ཚང་མར་གཟིགས་པའི་སྐོར་གླེང་སྐབས་དགེ་འདུན་པ་ཚོ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་ང་ཚོ་ཚང་མས་མཉམ་དུ“སྤྱི་ཁྱབ་ཧྲུའུ་ཅི་བཀྲ་ཤིས་བདེ་ལེགས”ཞེས་དགའ་འབོད་བྱེད་ཞོར་སེམས་འགུལ་ཆེན་པོས་ལག་གི་ཁ་བཏགས་གཡུག་གཡུག་བྱས་པ་ཡིན་ཞེས་བཤད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་ཆོས་དད་རང་མོས་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་འགན་སྲུང་ནུས་ལྡན་བྱས་པས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་ཐོན་ཡོད་པ་རེད། སྤྲུལ་སྐུ་ཐུབ་བསྟན་བསྟན་འཛིན་གྱིས“སྤྱི་ཁྱབ་ཧྲུའུ་ཅིས་དགེ་འདུན་པ་ཚོའི་འཚོ་བ་དང་ཆོས་ལུགས་ཀྱི་ཐོས་བསམ་སྒོམ་སྒྲུབ་ལ་ཐུགས་ཁུར་ཆེན་པོ་གནང་ནས་ང་ཚོ་དགེ་འདུན་པར་ཆོས་ལུགས་ཐོས་བསམ་མུ་མཐུད་ཟབ་ཏུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་སྐུལ་ལྕག་གནང་བྱུང་། ཁོང་གི་བཀའ་མོལ་ནི་བརྩེ་བ་ཧ་ཅང་ཟབ་པ་ཞིག་རེད། ཏང་གི་འོད་ཟེར་འོག་གྲྭ་བཙུན་ཚང་མ་སྤྱི་ཚོགས་འགན་སྲུང་མ་ལག་དང་སྨན་བཅོས་འགན་སྲུང་མ་ལག་ནང་བཅུག་པ་དང་། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ངེས་ཡིན་ལ། ‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག’བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་བློ་ཁ་གཅིག་མཐུན”བྱ་རྒྱུ་ཡིན་ཞེས་བརྗོད།

    “ཁྲིད་སྟོན”ལ་ཤུགས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབུལ་འོས་པའི་ལེགས་སྐྱེས་འབུལ་བ།

    ཚོགས་ཆེན་འདུ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྗོངས་ཡོངས་ཀྱི་ཆོས་ལུགས་གནས་ཚུལ་བཀོད་པའི་འགྲེམས་པང་མདུན་དུ་ཕེབས་ནས་ལས་དོན་གནས་ཚུལ་གྱི་སྙན་སེང་ཞིབ་ཕྲ་གསན་པ་དང་། དེ་རྗེས་ཚོགས་ཆེན་འདུ་ཁང་ནས་ཞལ་གྱེས་སྐབས་དགེ་འདུན་པ་བཅུ་གྲངས་ཀྱིས་ལག་ཏུ་ཁ་བཏགས་འཁྱེར་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག རང་ཚུགས་དང་། རང་རྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། བསྟན་དོན་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་རིང་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུན། རང་སྐྱོང་ལྗོངས་ཀྱིས་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་དགོན་སྡེའི་སྤྱི་པའི་ཞབས་ཞུ་ལེགས་སུ་བཏང་སྟེ་དགེ་འདུན་པའི་དཀའ་ངལ་དངོས་བསལ་བ་རེད། ད་ཆ་འབྲས་སྤུངས་དགོན་པའི་འགྲོ་ལམ་དང་། ཆུ་གློག་མཁོ་སྤྲོད། དེ་བཞིན་དགེ་འདུན་པའི་བཟའ་བཅའ་སོགས་ལེགས་སུ་ཤུགས་ཆེན་ཕྱིན་པས་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་ཏང་དང་རྒྱལ་ཁབ་ཀྱིས་ཁོང་ཚོའི་འཚོ་བའི་ཐད་གནང་བའི་འགན་སྲུང་དང་བསྐྲུན་པའི་སྟབས་བདེ། དེ་བཞིན་དགེ་འདུན་པའི་ཆོས་དད་རང་མོས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པར་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད་ལ། དགེ་འདུན་པ་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཡང་ཤུགས་ཆེན་འཕེལ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།