བོད་ལྗོངས་ནང་བསྟན་སློབ་གླིང་ཡན་ལག་སློབ་གླིང་གི“རིམ་གསུམ་སློབ་གནས”འཛུཌ་སྐྱོང་དང་སློབ་ཁྲིད་སྒྱུར་བཅོས་ཀྱི་ལས་དོན་ཚོཌ་འདུ་འཚོཌ་པ།
ཉེ་ཆར། བོད་ལྗོངས་ནང་བསྟན་སློབ་གླིང་ཡན་ལག་སློབ་གླིང་གི“རིམ་གསུམ་སློབ་གནས”འཛུགས་སྐྱོང་དང་སློབ་ཁྲིད་སྒྱུར་བཅོས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་གསུང་བཤད་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཞུགས་པ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བསྟན་ཁོས། ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། བོད་ལྗོངས་ནང་བསྟན་སློབ་གླིང་དང་ཡན་ལག་སློབ་གླིང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་པ། “རིམ་གསུམ་སློབ་གནས”འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སློབ་ཁྲིད་སྒྱུར་བཅོས་ལས་དོན་གཏིང་ཟབ་ཏུ་གཏོང་བ། འབྲེལ་ཡོད་སློབ་གནས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་ཁག་བགོས་ཁ་གསལ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། སློབ་ཁྲིད་འགན་ལེན་བྱེད་ཤུགས་ཆེར་གཏོང་། སློབ་གཉེར་ཆུ་ཚད་དང་སློབ་ཁྲིད་སྤུས་ཚད་མཐོར་གཏོང་བཅས་བྱས་ནས། བོད་ལྗོངས་ནང་བསྟན་གྱི་ཕུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། སློབ་གཉེར་གྱི་ཁ་ཕྱོགས་ཡང་དག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་སློབ་གླིང་གི་སློབ་གཉེར་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་བྱང་ཚད་མཐོ་བའི་དགེ་འདུན་པ་གསོ་སྐྱོང་ཧུར་ཐག་བྱས་ནས། ཆོས་ལུགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།