དབུ་ཤོག>བོད་ཀྱི་རིག་གནས།
  • རང་སྐྱོང་ལྗོངས་ཀྱི་རིག་དངོས་གསལ་འབྱེད་རིགས་གཅིག་མཁས་ཅན་གྱིས་མལ་གྲོ་གུང་དཀར་རྫོང་སྤང་ས་དགོན་དུ་དགོན་པའི་རིག་དངོས་ལ་གསལ་འབྱེད་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-21

    ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཉིང་ཅི་ཅཱ་དང་བཅས་པ་མི་3ལས་གྲུབ་པའི་རིག་དངོས་གསལ་འབྱེད་རིགས་གཅིག་མཁས་ཅན་ཚོཌ་ཆུང་མལ་གྲོ་གུང་དཀར་རྫོང་སྤང་ས་དགོན་དུ་དགོན་པའི་རིག་དངོས་ལ་གསལ་འབྱེད་བྱེད་པར་བསྐྱོད་པ་རེད།

    མིག་སྔའི་དགོན་སྡེ་དེའི་རིག་དངོས་ཀྱི་ད་ཡོད་གནས་ཚུལ་དང་དོ་དམ་གནས་ཚུལ་སྐོར་གྱི་སྤང་ས་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ངོ་སྤྲོད་ཞིབ་ཕྲ་ཉན་རྗེས། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དགོན་པར་ཉར་ཚགས་བྱས་པའི་རིག་དངོས་ལ་མིང་འདོགས་པ་དང་། དུས་མཚམས་དབྱེ་བ། རིམ་པ་དབྱེ་བ། ཐོ་འགོད་པ། ཞིབ་བཤེར་གཏན་འབེབས་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་རེད།

    རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གསལ་འབྱེད་བྱས་པ་བརྒྱུད། དགོན་པ་དེར་ནང་སྤོ་རུང་བའི་རིག་དངོས་61ཡོད་པ་ལས།《མཐིང་ཤོག་གི་གསེར་དངུལ་བྲིས་མའི་བརྒྱད་སྟོང་པ》དང《སྤྱན་རས་གཟིགས་སེང་གེའི་སྒྲ་སྒྲོག་ཐང་ག》 《ས་སྐྱ་པཎྜི་ཏའི་སྐུ་བརྙན་ལི་མ》《ཟངས་ཀྱི་རྣམ་རྒྱལ་མཆོད་རྟེན》སོགས་ཚུད་ཡོད། དེའི་ནང་རིམ་པ་དང་པོའི་རིག་དངོས་1དང་། རིམ་པ་གཉིས་པའི་རིག་དངོས་4 རིམ་པ་གསུམ་པའི་རིག་དངོས་20 སྤྱིར་བཏང་གི་རིག་དངོས་36བཅས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།