དབུ་ཤོག>བོད་ཀྱི་རིག་གནས།
  • གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-17

    269075_yis_1615910400000_s.jpg

    འདི་ནི་ལྷུན་གྲུབ་ཞིང་རའི་ཚོགས་ཁང་གི་ཕྱིའི་རྣམ་པ་ཡིན་པ།

    ལྷུན་གྲུབ་ཞིང་ར(ད་ལྟའི་ལྷུན་གྲུབ་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི་ཡིན་པ་དང་བསྡུས་མིང་ལ་ལྷུན་གྲུབ་ཞིང་ར་ཟེར)ནི་1966ལོར་བསྐྲུན་པ་དང་། དེ་སྔ་བོད་དམག་ཁུལ་ཁང་ཐོན་སྐྱེད་འཛུགས་སྐྲུན་ཁྲི་ཤོག་གི་ཁོངས་སུ་གཏོགས་ཤིང་། རྗེས་སུ་རང་སྐྱོང་ལྗོངས་ཞིང་སྦོལ་ཐིང་གི་ཁོངས་སུ་གཏོགས་པ་དང་། དེ་ནས་1984ལོར་ལྷུན་གྲུབ་ཞིང་ར་དེ་ལྷུན་གྲུབ་རྫོང་བྱང་ཁ་ཤང་ལ་རྩིས་སྤྲད་པ་རེད།

    ལྷུན་གྲུབ་ཞིང་རའི་འཛུགས་སྐྲུན་དང་འཕེལ་རྒྱས་དེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། 1960ལོར་རང་སྐྱོང་ལྗོངས་ཀྱིས་ཤིན་ཅང་འཛུགས་སྐྲུན་པིན་ཐོན་གྱི་དོ་དམ་རྣམ་པར་དཔེ་བལྟས་ནས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་མཁར་གདོང་གྲོང་ཚོར་ས་གནས་དེ་གའི་ཞིང་འབྲོག་པས་བྱེད་པོ་དང་རྒྱ་རིགས་དང་བོད་རིགས་ཀྱི་ལག་རྩལ་དོ་དམ་ལས་བྱེད་པ་ཉུང་ཤས་བཏང་ནས་ཕན་པོའི་ཞིང་ར་བསྐྲུན་པ་རེད། དེའི་རྗེས་སུ་ལྷུན་གྲུབ་ཞིང་ར་བསྐྲུན་པ་དང་1965ལོར་རྒྱས་བསྐྲུན་བྱས་ཏེ་དངོས་སུ་འཕེལ་རྒྱས་བཏང་བ་རེད།

    ཕན་པོའི་ཞིང་ར་དང་ལྷུན་གྲུབ་ཞིང་ར་ཆེན་པོ་དེ་གཉིས་བསྐྲུན་པ་ལས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་ལྷུན་གྲུབ་རྫོང་གི་སྲོལ་རྒྱུན་ཞིང་ལས་དེ་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་ཡོད། ཞིང་རའི་དོ་དམ་འོག ལྷུན་གྲུབ་རྫོང་གི་ཞིང་ལས་དེ་ཆེད་ལས་ལས་བགོས་དང་། འཕྲུལ་འཁོར་གྱིས་རྨོ་འདེབས། ཚན་རྩལ་ཡར་ཐོན་བཅས་སྔོན་ལ་མངོན་འགྱུར་བྱུང་བ་རེད། ལྷུན་གྲུབ་རྫོང་གི་རྒྱ་ཆེའི་ཞིང་པས་ཕྱི་ནས་ཡོང་བའི་ལག་རྩལ་ལས་བྱེད་པའི་མཛུབ་ཁྲིད་འོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧུར་ཐག་བྱས་ཤིང་། ཞིང་རར་ནང་འདྲེན་བྱས་པའི་འཕྲུལ་ཆས་ཅན་གྱི་རྨོ་འདེབས་དང་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ལས་ལྷུན་གྲུབ་རྫོང་གི་སྲོལ་རྒྱུན་གྱི་རྣམ་པར་སྔར་བས་འགྱུར་ལྡོག་ཕྱིན་ནས་ཞིང་ར་ཆེན་པོ་དེ་གཉིས་ཀྱི་འབྲུ་སྣུམ་ཐོན་འབབ་སྤྱི་རྒྱ་ཁྲི་500ལྷག་ཙམ་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། དུས་རབས་གོང་མའི་ལོ་རབས་70པར་དོ་དམ་མ་ལག་བརྟན་དུ་དང་ཞིང་འབྲོག་ཆེད་ལས་ཀྱི་ལས་བགོས་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། ལྷུན་གྲུབ་ཞིང་ར་འདི་ཉིད་འཕེལ་རྒྱས་མྱུར་བའི་དུས་སུ་སླེབས་ཏེ་ཐོན་འབབ་ལོ་རེ་བཞིན་འཕར་བ་དང་། 1978ལོར་སླེབས་སྐབས་རིམ་རྩིས་བྱས་ན་འབྲུ་སྣུམ་གྱི་ཐོན་སྐྱེད་བསྡོམས་འབོར་སྤྱི་རྒྱ་ཁྲི་1300ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    2016ལོར་ལྷུན་གྲུབ་ཞིང་རའི་ཤུལ་རྙིང་སྲུང་སྐྱོང་གི་ལས་གྲྭ་འགོ་ཚུགས་པ་དང་འབྲེལ། 2019ལོའི་ཟླ་3ཚེས་28ཉིན་ལྷུན་གྲུབ་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞིར་དངོས་སུ་བསྒྱུར་པ་རེད། ཞིང་རའི་ནང་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་གཞོགས་གཡས་གཡོན་གཉིས་ཀར་སྦྱར་དཀར་གྱིས་བཏུམས་པའི་རྒྱ་ལམ་ཞིག་ཡོད་པ་དེ་ཐད་ཀར་ཞིང་རའི་སྦུག་ཏུ་མཐུད་ཡོད། ལོ་40ལྷག་ཙམ་སོང་ཡང་ལྷུན་གྲུབ་ཞིང་ར་དེའི་ནང་ད་དུང་ཚོགས་ཁང་དང་། ཉལ་ཁང་། མཁོ་ཚོང་ཁང་སོཌ་སྐྲུན་དངོས་7ཡོད་པ་རེད།

    ལྷུན་གྲུབ་ཞིང་རའི་ཚོགས་ཁང་དེ་ཞིང་རའི་ནུབ་ཕྱོགས་སུ་ཡོད་པ་དང་ཁ་ཤར་ལ་གཏད་ཡོད། ཚོགས་ཁང་གི་རྒྱལ་སྒོའི་ངོས་སུ“ལྷུན་གྲུབ་ཞིང་རའི་ཚོགས་ཁང”ཞེས་ཡིག་འབྲུ་དམར་པོ་དྲུག་གསལ་པོར་བྲིས་ཡོད་པ་འདི་ནི་དེ་སྔ་བོད་དམག་ཁུལ་ཁང་འཛུགས་སྐྲུན་ཁྲི་ཤོག་གི་ལི་ཤན་ལིང་གི་ཡིག་གཟུགས་རེད། ཚོགས་ཁང་ནང་སྒྲོག་ཙེ་དང་རྐུབ་བཀྱག་གི་སྟར་པ་གྲལ་སྒྲིག་པོ་བསྒྲིགས་ཡོད་ལ་འཁྲབ་སྟེགས་ཐོག་དངོས་མཚོན་གློག་བརྙན་སྟོན་བཞིན་ཡོད་པ་དེར་སྔོན་མ་བོད་སྐྱོར་ལས་བྱེད་པ་དང་། གཞོན་ནུ་ཤེས་ཡོན་ཅན། ས་གནས་དེ་གའི་མི་སེར་བཅས་ཀྱིས་གནམ་ས་དང་འཐབ་འཛིང་བྱེད་པའི་བསམ་པའི་སྙིང་སྟོབས་གསལ་པོར་བཀོད་ཡོད་པ་རེད།

    ཞིང་རའི་ལམ་སྟོན་བྱང་བུ་བརྒྱུད་ནས་ལྷོ་ངོས་སུ་བསྐྱོད་ཚེ། དེ་སྔ་བསྐྲུན་པའི་ས་ཕུག་གི་ཁང་པ་སྟར་པ་གསུམ་སྟག་ཤིང་ནགས་རར་གྱེང་ངེར་ཆགས་ཡོད། ས་ཕུག་ཁང་པའི་གྱང་ངོས་དཀར་པོ་ཡིན་པ་དང་སྒོ་དང་སྒེའུ་ཁུང་སེར་པོ་ཡིན་པའི་ཁར་སྒེའུ་ཁུང་ལ་སྐར་མ་དམར་པོ་རེ་རེ་བཏགས་པས་བོད་དུ་ཁང་པ་དེ་འདྲ་མཐོང་ཚེ། འཕྲལ་མར་གསར་བརྗེའི་གནས་མཆོག་ཡན་ཨན་བློ་སྒོར་འཆར་གྱི་ཡོད།

    དེའི་ནང་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་སོ་ཕག་གིས་བསྐྲུན་པའི་གཞུ་དབྱིབས་ཀྱི་ཐོག་ཡིན་པ་དང་ད་དུང་དེ་སྔ་ཞིང་རའི་ལས་བཟོ་ཚོས་སྤྱད་པའི་ཐོན་སྐྱེད་དང་འཚོ་བའི་ཡོ་ཆས་དང་དེ་བཞིན་མི་རིགས་ཀྱི་རོལ་ཆ་སྣ་ཚོགས་ཡོད། སྐབས་དེར་དངོས་པོའི་ཆ་རྐྱེན་ཞན་ཡང་ཁོ་ཚོའི་བསམ་པའི་རྟེན་ས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཁོ་ཚོས་མེས་རྒྱལ་གྱི་མཐའ་མཚམས་སུ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་དཔའ་ངར་ཆེར་སྐྱེད་ཀྱིས་ས་མཐོའི་འབྲུ་འཛོད་བསྐྲུན་པ་རེད།

    ལྷུན་གྲུབ་རྫོང་གི་ཞིང་ར་ནི་དུས་རབས་ཀྱི་ཐོན་དངོས་ཤིག་རེད། དེས་དེ་སྔའི་ཚ་ཚ་འུར་འུར་གྱི་ཐོན་སྐྱེད་རྣམ་པར་དཔང་པོ་བྱེད་ཐུབ་ལ་བོད་ཀྱི་དར་རྒྱས་བརྟན་ལྷིང་ཡང་མཚོན་ཐུབ། ཞིང་ར་དང་ལས་བཟོ་ཚོས་བཞག་པའི་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་དྲན་ཤེས་ནི་ད་ལྟ་ས་ཆ་དེར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས་ཤིག་རེད།

    ད་ལྟ་ལྷུན་གྲུབ་ཞིང་ར་ནི་ལྷ་སའི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི་དང་གསར་བརྗེའི་ཡུལ་སྐོར་གྱི་རིག་དངོས་ཤུལ་རྙིང་གལ་ཆེན་དུ་གྱུར་པ་དང་དེས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་། སློབ་གསོ་སྤེལ་ཐབས་གསར་གཏོད། ཏང་གི་སློབ་ཚན་རྩེ་གྲ་གཏོད་པ་སོགས་ཀྱི་ཐབས་ལམ་ནས་གསར་བརྗེའི་རིག་གནས་མི་སེམས་སུ་ཟུག་པར་བྱས་ཏེ། གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད།

    269131_yis_1615910400000_s.jpg

    (དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།