དབུ་ཤོག>བོད་ཀྱི་རིག་གནས།
  • རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་བོད་ལྗོངས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    ཟླ་6ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་བོད་ལྗོངས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། སི་ཁྲོན་ཞིང་ཆེན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྤྲུལ་སྐུ་ཞིག་གི་མིང་རྩིས་མེད་དུ་བཏང་བའི་བརྡ་ཁྱབ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུར་ཞུགས་མཁན་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཚོས་སྲིད་གཞུང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་སྤྲུལ་སྐུའི་མིང་རྩིས་མེད་དུ་བཏང་བའི་ཐག་གཅོད་གཏན་འབེབས་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུས་པ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་བསོད་ནམས་རིག་འཛིན་གྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག སྤྲུལ་སྐུ་རེ་གཉིས་ཀྱིས་རྒྱལ་ཁྲིམས་དང་འགལ་ཞིང་ཆོས་ཁྲིམས་དང་ཡང་མི་མཐུན་པར་འཚོ་བ་རུལ་སུངས་སུ་གྱུར་ནས་ཁྲིམས་འགལ་ངང་རྒྱུ་ནོར་ལེན་པར་མགོ་འཁོར་ཡོད། འདིའི་རིགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཡོངས་ཀྱི་ཚབ་བྱེད་མི་ཐུབ་ཀྱང་། བྱམས་སྙིང་རྗེ་སྙིང་པོར་འཛིན་པའི་བོད་བརྒྱུད་ནང་བསྟན་གྱི་གཟུགས་བརྙན་བཟང་པོར་ཤུགས་རྐྱེན་ངན་པ་བཟོས་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཚོགས་ཞུགས་མི་སྣས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་ལྷག་པར་ཏུ་སྤྲུལ་སྐུ་ཚོས་ལངས་ཕྱོགས་ལ་སྣང་ཆེན་བྱས་ནས་ཆབ་སྲིད་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་། དྲིན་ལན་་མཇལ་རྒྱུར་སྣང་ཆེན་བྱས་ནས་ཀུན་སྤྱོད་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། སྒྲིག་ལམ་ལ་སྣང་ཆེན་བྱས་ནས་བཅའ་ཁྲིམས་ཀྱི་མཐའ་ཚད་སྲུང་བ་བཅས་བྱེད་དགོས་པ་མ་ཟད། ད་དུང“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་བཞི་ལག་ལེན་ཧུར་ཐག་དང“མོས་སེམས་ལྔ”རང་འགུལ་ངང་ཟབ་ཏུ་བཏང་ནས། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་། བརྟན་ལྷིང་། ཞི་མཐུན་བཅས་ཡོང་བ་དང་དེ་བཞིན་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།