དབུ་ཤོག>བོད་ཀྱི་རིག་གནས།
  • 《པུར་རྒྱལ་གྱི་གཞིས་ཁྱིམ་སྟེ་བོད་ལྗོངས་ཀྱི་འཕྱོངས་རྒྱས》དཔེ་སྐྲུན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-31

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་མངགས་བཅོལ་ལྟར། བོད་ཀྱི་གྲགས་ཅན་རྩོམ་པ་པོ་བསོད་ཆུང་དང་ན་གཞོན་རྩོམ་པ་པོ་ཆོས་རྒྱལ་གྱིས་མཉམ་དུ་བྲིས་པའི《པུར་རྒྱལ་གྱི་གཞིས་ཁྱིམ་སྟེ་བོད་ལྗོངས་ཀྱི་འཕྱོངས་རྒྱས》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་བཀྲམ་པ་རེད། དེབ་དེའི་རྩོམ་པ་པོས་དུས་ཡུན་ལོ་3ལྷག་ཙམ་རིང་ས་ཡུལ་དངོས་སུ་བཅར་འདྲི་དང་། བརྟག་ཞིབ། ཚད་ལྡན་ཡིག་ཆ་དང་དཔྱད་ཡིག་ལྟ་ཀློག་སོགས་བརྒྱུད། འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་གྱི་སྲིད་འཛིན་ཚན་པ་གོ་རིམ་དུ་བྱས་ཏེ་ལོ་རྒྱུས་ཀྱི་ཆགས་སྟངས་ནས་དེང་དུས་ཀྱི་ཉམས་འགྱུར་བར་ཇི་མ་ཇི་བཞིན་དུ་བཀོད་པ་དེ་ཐོག་ནས་པུར་རྒྱལ་གྱི་གཞིས་ཁྱིམ་སྟེ་འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་མི་རེ་ངོ་རེའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་མངོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《པུར་རྒྱལ་གྱི་གཞིས་ཁྱིམ་སྟེ་བོད་ལྗོངས་ཀྱི་འཕྱོངས་རྒྱས》ནང་དོན་གོ་བདེ་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཁར། པར་རིས་189དང་ངོ་མཚར་ཆེ་བའི་གཏམ་རྒྱུད་རེ་རེ་ལས་ཀློག་པ་པོར་འཕྱོངས་རྒྱས་རྫོང་གི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ངང་གིས་ཉམས་རོལ་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།