དབུ་ཤོག>བོད་ཀྱི་རིག་གནས།
  • དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོཌ་བསྒྲིཌ་འདི་ལྟ་རིན་ཆེན་པོ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-10-16


    བསྒྲིགས་པ་པོ། བན་ཁོ་དང་བཀྲ་རྒྱལ།

    དོན་གྲུབ་རྒྱལ་ངོ་སྤྲོད་མདོར་བསྡུས། 

    བོད་ཀྱི་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་ཐད་ལམ་བུ་གསར་པ་བཏོད་ནས། མཛད་རྗེས་རྨད་དུ་བྱུང་བ་འཇོག་མཁན་མཁས་མཆོག་དོན་གྲུབ་རྒྱལ་ནི་1953ལོར་མདོ་སྨད་དགུ་འགྱུར་པད་མོ་རོང(མཚོ་སྔོན་གཅན་ཚ་རྫོང)དུ་འཁྲུངས།1975ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེ་མོའི་མི་རིགས་སྐད་ཡིག་འཛིན་གྲྭ་ནས་མཐར་ཕྱིན།1978ལོར་སློབ་གྲྭ་ཆེན་མོ་དེའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་།1981ལོར་རབ་འབྱམས་པའི་གོ་མིང་ཐོབ།1985ལོའི་ཟླ་11ཚེས་30ཉིན་མཚོ་སྔོན་མཚོ་ལྷོའི་ཆབ་ཆ་གྲོང་དུ་སྐུ་གྲོངས། ཁོང་གི་བརྩམས་སྒྲུང་དང་། སྙན་རྩོམ། འབོལ་རྩོམ། དཔྱད་རྩོམ་སོགས་ཧ་ཅང་མང་པོ་ཡོད།

    ནང་དོན་མདོར་བསྡུས། 

    པོད་འདིར་ཁྱོན་བསྡོམས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཁག་15བསྡུས་ཡོད་ཅིང་། ལྗགས་རྩོམ་འདི་དག་ཚང་མ་སྔོན་ཆད་དུས་དེབ་དང་ཚགས་པར་རམ་ཡང་ན་དཔེ་དེབ་ག་གེ་མོ་ཞིག་ཏུ་འགོད་མྱོང་བ་ཤ་སྟག་རེད།

    འོས་སྦྱོར་རྒྱུ་མཚན། 

    སྤྱི་ཚོགས་ཐོག་གི་དངོས་ཡོད་འཚོ་བའི་ནང་དོན་ཕུན་སུམ་ཚོགས་ལ། ཚིག་ལྷུག་སྙན་ངག་གི་ཉམས་འགྱུར་ལྡན་ཞིང་གོ་བདེ་བའི་སྒྲུང་གཏམ་ནས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་མི་སྣའི་བསམ་བློ་དང་། གཤིས་ཀ རྣམ་འགྱུར། ཀུན་སྤྱོད། འཚོ་གནས་ཀྱི་ཁོར་ཡུག་བཅས་ཀློག་པ་པོའི་སེམས་ལ་མངོན་སུམ་ལྟ་བུ་འཆར་ཐུབ་པའི་སྒྱུ་རྩལ་གྱི་གསོན་ཉམས་ལྡན་ཡོད། ཁོང་གི་བརྩམས་སྒྲུང་ལ་མཉེས་པོ་གནང་མཁན་དྲ་གྲོགས་ཚོར་ཕན་པ་ཆེན་པོ་ཡོང་བར་སེམས་ནས་ཆེད་དུ་འོས་སྦྱོར་ཞུས་པ་ལགས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།