དབུ་ཤོག>བོད་ཀྱི་རིག་གནས།
  • ལྷ་མོར་མཉེས་པོ་གནང་མཁན་ཚོ། འདི་ན་ལྷ་མོ་འཁྲུག་པོ་འདུག གཟིགས་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-10-14

    1.jpg

    མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་བསམ་གཞི་ཆགས་ཆེད། ཟླ་10ཚེས་12ཉིན། རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཉེར་འགན་ཁུར་བ། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8ཀྱི་རིག་གནས་ཡུལ་སྐོར་ཅུས་དང་བོད་ལྗོངས་ཆི་ཧེང་ཁེ་ལས་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པའི་2020ལོའིལྷ་མོ་འཁྲབ་པའིབྱེད་སྒོ་ལྷ་སའི་ཆུ་མིག་ལམ་གྱི་འདམ་རའི་སྤྱི་གླིང་དུ་འགོ་ཚུགས་འདུག


    ངོ་སྤྲོད་བྱས་པ་ལྟར་ན། 2020ལོའིལྷ་མོ་འཁྲབ་པའིབྱེད་སྒོ་ཟླ་10ཚེས་12ཉིན་ནས་ཚེས་19ཉིན་བར་ཡིན་པ་དང་། ཉིན་ལྟར་གྱི་ཆུ་ཚོད་11ནས་ཆུ་ཚོད་17དང་སྐར་མ་30ཡི་བར་རིན་མེད་གཟིགས་འབུལ་ཞུ་བྱ་རྒྱུ་ཡིན་ཞིང་། ལྷ་སའི་རྫོང་དང་ཆུས་དང་། གཞིས་རྩེ་སོགས་ཀྱི་ཕུལ་བྱུང་གི་ལྷ་མོ་ཚོགས་པ་དང་དམངས་ཁྲོད་ཀྱི་ལྷ་མོ་འཁྲབ་མཁན་གྱིས་སྲོལ་རྒྱུན་གྱི་ལྷ་མོ་ཉིན་8འཁྲབ་རྒྱུ་ཡིན་ལ། ཐེངས་རེར་ཆུ་ཚོད་7འཁྲབ་རྒྱུ་ཡིན་པ་དང་འཁྲབ་གཞུང་གཙོ་བོགཟུགས་ཀྱི་ཉི་མདང་། གཅུང་པོ་དོན་ཡོད་དོན་གྲུབ》《འགྲོ་བ་བཟང་མོ》《ཆོས་རྒྱལ་ནོར་བཟང》《པད་མ་འོད་འབརབཅས་རེད་འདུག

    4.jpg

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་མིག་དམར་གྱིས། 《གཟུགས་ཀྱི་ཉི་མ》འཁྲབ་མཁན་ལྷ་མོ་བ་ཁྱོན་47ཡོད་ཅིང་། དེ་སྔ་དང་མི་འདྲ་བ་ཞིག་ནི་ད་ལོའི“ལྷ་མོ་འཁྲབ་པའི”བྱེད་སྒོར་ལྷ་མོ་ཆ་ཚང་འཁྲབ་ཀྱི་ཡོད། ཡིད་དབང་རབ་ཏུ་འཕྲོག་པའི་ལྷ་མོ་ཆ་ཚང་འཁྲབ་དུས་ཆུ་ཚོད་དྲུག་བདུན་ཙམ་འགོར་གྱི་ཡོད། “ལྷ་མོ་ཆ་ཚང་རེ་འཁྲབ་བ་ནི་ལྷ་མོ་འཁྲབ་མཁན་ཀུན་ལ་མཚོན་ན་སེམས་དང་ལུས་པོ་གཉིས་ཀར་དཀའ་ལས་ཆེན་པོ་ཡོད”ཅེས་ངོ་སྤྲོད་བྱས།

    5.jpg

    2020ལོའི“ལྷ་མོ་འཁྲབ་པའི”བྱེད་སྒོའི་རེའུ་མིག

    6.jpg

        ལྷ་མོ་ནི་ལོ་ངོ་600ཙམ་གྱི་ཡར་སྔོན་དུ་གཙང་ཕྱོགས་སུ་འཁྲུངས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མི་རྣམས་ཆུ་ལས་སྒྲོལ་དཀའ་བའི་དཀའ་ངལ་ཐུགས་ལ་བཅངས་ནས་གང་སར་སློང་མོ་གནང་བ་དང་། ཀོང་པོ་སོགས་ནས་ལྕགས་ཀྱི་གཏེར་ཁ་བཏོན་ཏེ། ཆུ་ལ་ཟམ་པ་སྐྲུན་གནང་བས་མཐུན་རྐྱེན་སྦྱོར་མཁན་ཡང་མང་པོ་བྱུང་། འོན་ཏེ་སློང་མོ་དང་ཞལ་འདེབས་ཁོ་ནར་བརྟེན་ན་ཟམ་པ་གང་མང་བསྐྲུན་པའི་ཐུགས་རེ་དང་རྒྱང་ཐག་རིང་པོ་ཡོད་སྟབས། སྐབས་དེར་ཁོང་ལ་ཐབས་ཤེས་ལེགས་པོ་ཞིག་རྙེད། དེ་ནི་ཟམ་སྐྲུན་ལས་མིའི་ཁྲོད་ནས་སྐད་སྙན་ལ་གཟུགས་མཛེས་པའི་བུ་མོ་བདུན་བདམས་ཏེ་གཏམ་རྒྱུད་སྣ་ཚོགས་བརྗོད་བྱར་བྱས་པའི་གོ་བདེ་ལ་ནང་དོན་ཟབ་པའི་ལྷ་མོའི་འཁྲབ་ཚན་མང་པོ་རང་རྩོམ་རང་འཁྲབ་ཀྱིས་བོད་ཀྱི་ས་ཕྱོགས་གང་སར་སྐོར་སྐྱོད་འཁྲབ་སྟོན་གནང་བས། རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། འཁྲབ་མཁན་བུ་མོ་ཡིན་པའི་ཆ་ནས་ཨ་ཅེ་དང་སྐྱེས་གཟུགས་ལྷ་དང་མཚུངས་པའི་ཆ་ནས་ལྷ་མོ་ཞེས་ཆེ་བསྟོད་ཀྱིས་ཨ་ཅེ་ལྷ་མོ་ཞེས་པའི་མིང་དེ་བྱུང་བ་ཞིག་རེད། 

    7.jpg

    ལྷ་མོ་ནི་དང་ཐོག་ཐང་ཆེན་དུ་འཁྲབ་པ་དང་རྔ་སྦུག་ཁོ་ན་རྡུང་ལེན་བྱེད་པ་ནས་དུས་རབས་17ཙམ་ནས་རིམ་བཞིན་འཆད་གྱེར་འཁྲབ་གསུམ་བྱེད་སྲོལ་དར་བ་དང་རོལ་ཆ་བེད་སྤྱོད་བྱེད་སྲོལ་ཡང་ཉུང་ཤས་དར་ཡོད། ད་དུང་མི་སྣའི་གཤིས་ཀ་སྣ་ཚོགས་མཚོན་པའི་འབག་སེར་པོ་དང་། ནག་པོ། དམར་པོ། ཕྱེད་དཀར་ཕྱེད་ནག་སོགས་ཀྱང་སྤྱད་ནས་རིམ་བཞིན་ད་ཆའི་འཁྲབ་སྲོལ་དེ་དར་ཡོད། ལྷ་མོ་གང་ཞིག་ཡིན་རུང་སྤྱིར་ན་འགོ་འཛུགས་ལྟ་བུའི་འདོན་དང་། གཞུང་དངོས། བཀྲ་ཤིས་གཅོད་པ་བཅས་དང་། ནང་དོན་ཐད་ཞི་རྒྱས་དབང་དྲག་གི་ཉམས་འགྱུར་ཚང་མ་འཛོམས་པའི་བོད་ས་མཐོའི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡིན་ཞིང་། སྔ་མོ་ལྷ་མོར་གཞུང་ཆེན་པོ་བཅུ་གསུམ་ཡོད་པར་གྲགས་ཀྱང་ད་ཆ་གཞུང་ཆེན་པོ་བརྒྱད་ཡོད་པ་རེད། 

    8.jpg

    2006ལོར་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ལྷ་མོ་འཛམ་གླིང་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བདམས་ཏེ། གནའ་བོའི་ལྷ་མོའི་སྒྱུ་རྩལ་གྱི་རིན་ཐང་གང་ལེགས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།