དབུ་ཤོག>བོད་ཀྱི་རིག་གནས།
  • དེབ་འདི་ནས་ཁོར་ཡུག་སྲུང་སྐྱོབ་དགོས་གལ་ཆེན་པོ་ཡིན་པ་ཤེས་ངེས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-07-27

    བསོད་ནམས་ཤུགས་ཀྱིས་དོན་བསྒྲུབ་པ།།

    ཉི་མའི་འོད་བཞིན་ལྟོས་པ་མེད།།

    འབད་པའི་ཤུགས་ཀྱིས་དོན་བསྒྲུབ་པ།།

    མར་མེའི་འོད་བཞིན་ཀུན་ལ་ལྟོས།།

      — — ས་པཎ་ཀུན་དགའ་རྒྱལ་མཚན།

    微信图片_20200727102052.jpg

    《བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ》རྩོམ་པ་པོ། ཟླ་བ་ཚེ་རིང་། བསྟན་འཛིན་རྣམ་རྒྱལ།

    ནང་དོན་གཙོ་བོ།

    བོད་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་རིན་ཐང་བྲལ་བའི་འདུ་ཤེས་དང་ལྟ་སྤྱོད་ངོ་སྤྲོད་གནང་ཡོད་པ་དང་ཆབས་ཅིག ཉེ་རབས་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་གནད་དོན། དེ་བཞིན་བོད་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རང་བྱུང་སྲུང་སྐྱོབ་ཁུལ་ཁག་གཅིག་ཀྱང་ངོ་སྤྲོད་གནང་ཡོད།

    འོས་སྦྱོར་བྱེད་དོན།

    ནང་བཅུད་ཀྱི་སེམས་ཅན་དང་ཕྱི་སྣོད་ཀྱི་འཇིན་རྟེན་ནམ་སྐྱེ་ཁམས་འདིར་མིའི་རིགས་ཀྱིས་འདོད་དང་མི་འདོད་ཀྱི་བཟོས་པའི་གནོད་འཚེ་ཆེན་པོ་ཕོག་སྟེ། འབྱུང་ཁམས་དོ་མི་མཉམ་པར་གྱུར་པ་དང་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཇེ་ཞན་དུ་སོང་ནས། མིའི་རིགས་དང་སྐྱེ་ཁམས་ཁོར་ཡུག་དབར་མཐུན་སྦྱོར་མེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དབར་གྱི་འགལ་བ་དེ་རྣོང་ངར་ཇེ་ཆེར་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་གནས་བབ་ཞན་པས་མིའི་རིགས་ལ་སྡུག་སྦྱོང་གཏོང་བ་སོགས་ཀྱི་ངན་འབྲས་ཐོན་དང་ཐོན་བཞིན་ཡོད། དེས་ན་མིའི་རིགས་ཀྱི་འཚོ་རྟེན་སྦྱིན་པའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་སྐྱོ་བོ་ཀུན་གྱི་ཟློག་མེད་འོན་འགན་ཡིན་པས། མིའི་རིགས་ཀྱི་འཚོ་གནས་སྐྱེ་ཁམས་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།