དབུ་ཤོག>བོད་ཀྱི་རིག་གནས།
  • རྒྱ་བོད་ཡིག་སྒྱུར་ལ་མཁོ་བའི་APPའདི་དངོས་གནས་ཡག་པོ་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-21

    1.jpg

    བོད་སྐད་ཡིག་གི་ལས་དོན་ཆ་འཕྲིན་ཅན་ལ་ཤུགས་སྣོན་དང་། བོད་ཡིག་བཀས་བཅད་ཐ་སྙད་ཁྱབ་གདལ་ཆེ་རུ་གཏོང་བ། རྒྱ་བོད་ཡིག་སྒྱུར་གྱི་ལས་དོན་པར་སྟབས་བདེ་སྐྲུན་པ་བཅས་བྱ་ཆེད། ཚིག་མཛོད་འདི་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(ལྷ་ས་གྲོང་ཁྱེར་རྩོམ་སྒྱུར་ཅུས)གིས་འགན་ཁུར་བ་དང་། ན་རོ་ཆ་འཕྲིན་ཚོགས་པས་གསར་སྤེལ་བྱས་པ་ཞིག་རེད།

    2.jpg

      གློག་རྡུལ་ཚིག་མཛོད་འདིར་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་བཀས་བཅད་བྱས་ཤིང་། དེའི་ནང་2006ལོའི་འདོན་ཐེངས་001ནས་2020ལོའི་འདོན་ཐེངས་106བར་གྱི་ཐ་སྙད་ཁྲི་གཅིག་ལྷག་ཙམ་བསྡུས་ཡོད་པ་དང་། ཚིག་མཛོད་ཀྱི་བོད་ཡིག་ཡིག་གཟུགས་ཉེ་ལམ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་གསར་སྤེལ་བྱས་པའི་སྙེ་བྲིས་ཡིག་གཟུགས་སྤྱད་པས། ཡིག་གཟུགས་འདི་ཁྱབ་གདལ་གཏོང་བར་ཕན་ནུས་ངེས་ཅན་ཐོན་ཡོད།

    3.jpg

    4.png

    ད་ལོའི་ཟླ་དྲུག་པའི་ནང་། ང་ཚོས་ཨན་ཊོ་ཁ་པར་གྱི་ཚོད་ལྟའི་དུད་སྣེ་སྤྱི་ཚོགས་ཡོངས་ལ་བཀྲམ་པ་དང་། དེ་རིང་ཀུ་ཤུའི་ཁ་པར་གྱི་ཚོད་ལྟའི་དུད་སྣེ་འདི་སྤྱི་ཚོགས་ལ་བཏོན་ཡོད་པས། རྒྱ་ཆེའི་ཡིག་སྒྱུར་ལས་དོན་པ་ཚོས་ཕབ་ལེན་གནང་བར་དགའ་བསུ་ཞུ་རྒྱུ་དང་སྦྲགས། བཀས་བཅད་ཐ་སྙད་གང་མང་སྤྱོད་པའི་རེ་བ་ཡོད། 

    གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ན་ཕབ་ལེན་བྱེད་ཐུབ།

    5.jpg

    6.jpg

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།