གཏམ་དཔེ་རྣ་བའི་བུ་རམ།
སྐྱིད་པོ་ལ་སྒུག་ལོང་དང་། སྡུག་པོ་ལ་སངས་དུས་ཡོད།
སྐྱིད་པོ་ཤྭ་ཕོའི་རྭ་ལས་རིང་། སྡུག་པོ་དགོ་ཕོའི་བྲུན་ལས་མང་།
སྐྱིད་པོའི་ཁ་བཤད་དེ། སྡུག་པོའི་སྐྱོ་རོགས་མི་ཡོང་།
སྐྱིད་པོར་གཉིས་བརྩེགས་མེད་པའི། སྡུག་པོར་གསུམ་བརྩེཌ།
སྐྱུར་ཆུས་མྱོས་ནས། སྐྱུར་འགོང་ཤོད།
ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ་དང་། ཤ་ཁོག་གཅིག་ནས་གཏུབས་པའི་ཏིག་ག
དཀའ་བའི་དུས་སུ་གྲོགས་པོའི་བཟང་ངན་རྟོགས། འདམ་ནང་རྟ་ཕོའི་ཤེད་ཤུགས་ཤེས།
དཀར་མོ་ནས་ཀྱི་གོང་ཐང་ཆོད་ཚར་ན། གྲོ་དང་སྲན་མའི་གོང་ཐང་ཤོད་མི་དགོས།
བཀའ་མདོ་རྒྱུད་སེམས་དང་མ་འདྲེས་ན། ཆོས་དཔེ་ཀློག་ནེ་ཙོའི་མ་ཎི་འདྲ།
བསྐོས་པའི་ལས་ལ་ཟློག་ཐབས་མེད། དཔྲལ་བའི་གཉེར་མ་འཕྱིད་ཐབས་མེད།
དཀོན་གཉེར་ཕྱི་བདར་མཁས་དྲགས་ན། གསེར་སྐུ་རག་ལ་བཏང་ཡོང་ངོ་།