དབུ་ཤོག>བོད་ཀྱི་རིག་གནས།
  • 《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-05-23

    ཡིག་འབྲུ་ཁྱོན་ཁྲི་20ལྷག་ཙམ་ཟིན་པའི《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཞེས་པ་ཚེས་21ཉིན་ལྷ་སར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    བོད་ཀྱི་མཛེས་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་བརྗོད་བྱ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་མཚོན་ཚུལ་དང་འབྲི་ཐབས་སྣ་མང་ལྡན་པས་ད་བར་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཡིན་ནའང་རིག་གཞུང་ལས་རིགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ཁོ་ན་གཙོ་བོར་བྱས་ཚེ་བོད་ཀྱི་དེང་རབས་མཛེས་རྩལ་གྱི་ཞིབ་འཇུག་ལ་སྟོང་ཆ་དང་མི་འདང་ས་མང་པོ་ཕྲདཡོད། ཁག་གཅིག་ནི་རི་མོ་མཁས་ཅན་ལ་བཅར་འདྲི་དང་། ཡང་ན་སྒྱུ་རྩལ་མཁས་ཅན་ཁག་གཅིག་དང་རིགས་ཁག་གི་མཛེས་རྩལ་འབྲི་རྒྱུན་ཁག་གཅིག་རྒྱས་བཤད་བྱས་པ་ལས་བོད་ཀྱི་དེང་རབས་མཛེས་རྩལ་ལོ་རྒྱུས་སྐོར་གྱི་མ་ལག་རང་བཞིན་གྱི་ཆེད་རྩོམ་གཅིག་ཀྱང་མེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཞེས་པའི་རྩོམ་པ་པོ་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་རི་མོ་མཁས་ཅན་ཚེ་དབང་བཀྲ་ཤིས་ཡིན་ཞིང་། དེབ་ཧྲིལ་པོ་ས་བཅད་དྲུག་ལ་དབྱེ་ཡོད་པ་དང་ནང་དོན་རི་མོ་དང་། འཇིམ་བརྐོས། སྐྲུན་དངོས། བཟོ་རྩལ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད། རྩོམ་པ་པོས་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ལྷོ་ཁ་སོགས་སུ་སྐྱོད་སྐབས་ཀྱི་བརྟག་དཔྱད་ཀྱི་ཐོག་མའི་དཔྱད་གཞི་མང་པོ་དང་དེ་བཞིན་ངག་རྒྱུན། ཡི་གེ པར་རིས་སོགས་ཀྱི་དཔྱད་གཞི་རྩ་ཆེན་མང་པོ་བཀོད་ཡོད་པའི་ནང་དཔྱད་ཡིག་མི་ཉུང་བ་ཞིག་ནི་ཐེངས་དང་པོ་ཤེས་རྟོགས་ཐུབ་པ་དང་བཀོད་ཐེངས་དང་པོ་ཡིན་པ་རེད།

    གཞན་ཡང་། མཛེས་རྩལ་ཆེད་རྩོམ་དེའི་ནང་ད་དུང་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་སྨྲ་བའི་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་བཀོད་ཡོད་པའི་ནང་མཛེས་རྩལ་པའི་ངོ་སྤྲོད་དང་། པར་དེབ། སྒྱུ་རྩལ་གྱི་དཔྱད་གཏམ། སྒྱུ་རྩལ་མཁས་ཅན་སྒེར་གྱི་རྩོམ་ཡིག འགྲེམས་སྟོན་པར་བཏུས་སོགས་དཔྱད་ཡིག་སྣ་མང་ཚུད་ཡོད། ཟུར་ཚད་མི་འདྲ་བའི་ཐོག་ནས་བོད་ཀྱི་མཛེས་རྩལ་གྱི་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།