དབུ་ཤོག>བོད་ཀྱི་རིག་གནས།
  • ཝུའུ་ཀྲེན་གྲོང་དུ་ལྷ་མོ་འཁྲབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-10-31

    ཚེས་23ནས་28ཉིན་བར། ཀྲེ་ཅང་ཝུའུ་ཀྲེན་གྲོང་རྡལ་ཞི་ཧྲན་མཛེས་ལྗོངས་ཁུལ་གྱི་ཨན་ཏུའུ་ཧྥང་གྲུ་ཁའི་ཐང་ཆེན་དུ་ལྷ་མོའི་འཁྲབ་གཞུང《གཅུང་པོ་དོན་ཡོད་དོན་གྲུབ》འཁྲབ་པར་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཅིང་། འཁྲབ་སྟོན་ལ་ཞུགས་པའི་གཅུང་པ་ལྷ་མོ་ཚོགས་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ནས་ཡིན་པ་དང་། ལྟད་མོ་བ་ཚོས་ལྷ་མོའི་ཉམས་འགྱུར་ཚོར་ཐུབ་ལ་གངས་ལྗོངས་ཀྱི་ཞིང་འབྲོག་པའི་གཞུང་དྲང་བབ་ཆགས་ཀྱི་གཤིས་རྒྱུད་དང་སྤྲོ་སེམས་ཀྱང་ཚོར་ཐུབ།

    བོད་ཀྱི་ལྷ་མོར་ད་བར་ལོ་ངོ་600ལྷག་གི་ལོ་རྒྱུས་ལྡན་པ་དང་། “བོད་ལྗོངས་རིག་གནས་ཀྱི་འགྱུར་རྡོ་གསོན་པོར”གྲགས་ཤིང་། 2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་བཅུག་པ་དང་2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་གཏན་འཁེལ་བྱས་པ་རེད།

    ད་ལོ་ལོ་60ལ་སླེབས་པའི་གཅུང་པ་ལྷ་མོའི་རྒྱུན་འཛིན་པ་མི་རབས་བཅུ་པ་རྣམ་རྒྱལ་ཚེ་རིང་གིས“ང་ཚོས་ད་ཐེངས་འཁྲབ་སྟོན་བྱེད་པའི《གཅུང་པོ་དོན་ཡོད་དོན་གྲུབ》ནི་སྐད་གྲགས་ཆེ་བའི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ཡ་གྱལ་ཞིག་རེད”ཅེས་བཤད།

    ལྷ་མོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཅེས་ནོར་ལྟ་བུ་ཞིག་རེད། དེའི་རིག་གནས་ནང་དོན་སྒྱུ་རྩལ་གྱི་རྣམ་པ་ལས་ཟབ་པ་དང་། རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ད་དུང་གསར་གཏོད་ཀྱི་བར་མཐོངས་ཀྱང་ཆེན་པོ་ཡོད་པ་རེད།

    562788_yis_1540873953317_s.jpg

    ཀྲེ་ཅང་ཝུའུ་ཀྲེན་གྲོང་རྡལ་ཞི་ཧྲན་མཛེས་ལྗོངས་ཁུལ་གྱི་ཨན་ཏུའུ་ཧྥང་གྲུ་ཁའི་ཐང་ཆེན་ནས་བོད་ཀྱི་གཅུང་པ་ལྷ་མོ་ཚོགས་པའི་འཁྲབ་སྟོན་པས་ལྷ་མོ་འཁྲབ་ཡུལ་དུ་སྐྱོད་བཞིན་པ།

    ཀྲེ་ཅང་ཝུའུ་ཀྲེན་གྲོང་རྡལ་ཞི་ཧྲན་མཛེས་ལྗོངས་ཁུལ་གྱི་ཨན་ཏུའུ་ཧྥང་གྲུ་ཁའི་ཐང་ཆེན་དུ་བོད་ཀྱི་གཅུང་པ་ལྷ་མོ་ཚོགས་པས《གཅུང་པོ་དོན་ཡོད་དོན་གྲུབ》འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།