སྤྲོ་སྣང་ལྡན་པའི་རལ་པ།
ཚེས་29ཉིན་གྱི་སྔ་དྲོར། སྟེང་ཆེན་རྫོང་གི་རལ་པའི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པ་དང་འཁྱག་རོམ་རོལ་དབྱངས་དུས་ཆེན་སྐབས་དང་པོ་སྟེང་ཆེན་རྫོང་སེར་ཚ་ཤང་དུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོར་འཁྲབ་སྟོན་པ་བསྡོམས་160ལྷག་ཙམ་ཡོད་པ་དང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ལས་སྟེང་ཆེན་མི་དམངས་ཀྱི་བསམ་པའི་ཉམས་གྱུར་དང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མངོན་པར་བྱས་ཡོད། ད་རེས་ཀྱི་སྒྱུ་རྩལ་དུས་ཆེན་ལ་ད་དུང་འཁྱག་རོམ་རོལ་དབྱངས་དུས་ཆེན་སྐབས་དང་པོ་དང་ཁྱད་ལྡན་ཞིང་འབྲོག་པའི་ཐོན་ཟོག་ཚོང་འདུས། “དབྱར་རྩྭ་དགུན་འབུ་སྤུས་ལེགས”དང“དབྱར་རྩྭ་དགུན་འབུའི་ཡོང་འབབ་ཨང་དང་པོའི་དུད་ཚང”དཔྱད་བསྡུར། ལུས་རྩལ་རྩལ་འགྲན། གཡང་ཊིའི་ཡོ་བྱད་ཧབ་འཚོང་། རིག་གནས་གླེང་སྟེགས། “ཞང་ཞུང་བོད་ཡིག་ཡིག་གཟུགས” ཐང་ག་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་ཡིན་ཞིང་། འདི་ནི་འགོ་ཚུགས་མཛད་སྒོར་རལ་པ་འཁྲབ་བཞིན་པ།