དབུ་ཤོག>བོད་ཀྱི་རིག་གནས།
  • ལྷ་སར་ལྷ་མོ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2018-05-20

    ཉེ་ཆར། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་རིག་རྩལ་འཁྲབ་སྟོན་བྱེད་སར་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་པོ་ཡོད། དེ་ཉིན་བོད་ལྗོངས་ལྷ་སའི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་འགོ་ཚུགས་ཤིང་། གཙོ་གཉེར་མཁན་གྱིས་2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མུ་འབྲེལ་བྱེད་སྒོའི་གྲས་ཤིག་ཡིན་པའི་ལྷ་སའི་ལྷ་མོའི་འཁྲབ་སྟོན་གྱི་བྱེད་སྒོ་དེ་འདི་ལོའི་ཟླ་ལྔ་པ་ནས་ཟླ་བརྒྱད་པའི་ཟླ་མཇུག་བར་སྤེལ་རྒྱུ་དང་གཟའ་འཁོར་རེའི་རེས་གཟའ་སྤེན་པར་རྫོང་རྒྱབ་ཀླུང་ཁང་དུ་འཁྲབ་སྟོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་སྒྲུབ་འགན་འཁུར་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མུ་འབྲེལ་བྱེད་སྒོའི་གྲས་ཡིན་པའི་ལྷ་སའི་ལྷ་མོའི་འཁྲབ་སྟོན་གྱི་བྱེད་སྒོའི་ནང་ལྷ་སའི་རྫོང(ཆུས)8ཀྱི་ཕུལ་བྱུང་ལྷ་མོ་རུ་ཁག་གིས་མང་ཚོགས་ཚོར་ལྷ་མོའི་འཁྲབ་གཞུང་ཁག་འཁྲབ་རྒྱུ་དང་འཁྲབ་སྟོན་ཐེངས་19བྱ་རྒྱུ་ཡིན་ལ། དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་པ་450ཙམ་ཞུགས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།