དབུ་ཤོག>བོད་ཀྱི་རིག་གནས།
  • 《བོད་ཀྱི་དམངས་ཁྲོད་གནམ་དཔྱད་མེས་པོའི་ཞལ་རྒྱུན》(བོད་ཡིག་པར་མ)པར་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-11

    508473_yis_1525408236967.jpg

    རང་ལྗོངས་ཀྱི་གནམ་དཔྱད་མེས་པོའི་ཞལ་རྒྱུན་རིགས་ཀྱི་དཔེ་དེབ་ཐོག་མ———《བོད་ཀྱི་དམངས་ཁྲོད་གནམ་དཔྱད་མེས་པོའི་ཞལ་རྒྱུན》(བོད་ཡིག་པར་མ)ལྷོ་ཁ་གྲོང་ཁྱེར་དུ་ཡོངས་བསྒྲགས་ངང་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། འདི་ནི་ད་བར་བོད་ཀྱིས་བསྡུ་ཉར་བྱས་པའི་དམངས་ཁྲོད་ཀྱི་གནམ་དཔྱད་མེས་པོའི་ཞལ་རྒྱུན་རིགས་ཀྱི་ཆ་ཚང་ཤོས་དང་། རིགས་མང་ཤོས། ནང་དོན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་དཔེ་དེབ་ཅིག་རེད།

    དཔེ་དེབ་དེ་ལེའུ་3དང་དོན་ཚན་25ལ་དབྱེ་བ་དང་ཡིག་འབྲུ་ཁྲི་8ཡོད་པ་དེར་གནམ་དཔྱད་ཀྱི་མེས་པོའི་ཞལ་རྒྱུན་ཁག་270ལྷག་ཙམ་ཡོད་པ་དེས་ས་མཐོའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་སྟོང་ཆ་བསྐངས་པ་མ་ཟད་དེང་རབས་ཀྱི་ས་མཐོའི་གནམ་དཔྱད་ཁོར་ཡུག་ཞིབ་འཇུག་དང་དེ་བཞིན་བོད་ཀྱི་ཞིང་འབྲོག་རིག་གནས་རྒྱུན་འཛིན་བྱ་རྒྱུར་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་གལ་ཆེན་གྱི་རིན་ཐང་ལྡན་ཡོད། དེས་མ་ཟད“བོད་ཀྱི་དམངས་ཁྲོད་ཀྱི་གནམ་དཔྱད་ཞལ་རྒྱུན་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས་པར་སྐྲུན་བྱས་པའི”ཞིབ་འཇུག་བྱ་གཞི་དེར་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་2017ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱི་གསར་གཏོད་རྣམ་གྲངས་ལ་བདམས་པ་རེད།

    དཔེ་དེབ་དེའི་རྒྱ་ཡིག་པར་མའི་རྩོམ་སྒྱུར་ལས་དོན་ཡང་འགོ་ཚུགས་ནས་འདི་ལོའི་ནང་པར་སྐྲུན་འགྲེམས་སྤེལ་ཐུབ་རེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།