《ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལྷ་མོའི་ཉམས་འགྱུར》ཞེས་པ་ནེ་པ་ལར་བསྟན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། གནས་ཚུལ་དངོས་མཚོན་གློག་བརྙན《ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལྷ་མོའི་ཉམས་འགྱུར》ཞེས་པ་ནེ་པ་ལ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱི《ཀྲུང་གོའི་གངས་ལྗོངས་ས་མཐོ》ཞེས་པའི་ལེ་ཚན་ཐོག་བསྟན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་མོ་ཚུད་པའི་རིག་གནས་སྤེལ་རེས་བྱེད་སྒོ་དེ་ཉིད་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་ནང་བཅུག་པ་དང་། འདི་ལོ་ད་དུང་ཝུའུ་ཀྲེན་ཟློས་གར་དུས་ཆེན་དང་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། པར་གཞི་དེ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པས་ཇུས་བཏོན་པ་དང་གཞིས་རྩེ་བརྙན་འཕྲིན་ལས་ཁུངས་ཀྱིས་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་བཀོད་པ་ཞིག་ཡིན་ཞིང་། དེའི་ནང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་རི་བོ་ཆེ་ཤང་གཅུང་པ་ལྷ་མོའི་རུ་ཁག་གི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བྱུང་བ་བརྗོད་པ་མ་ཟད། རྒྱལ་སྤྱི་ཅན་གྱི་ཟློས་གར་གར་སྟེགས་ཐོག་ལྷ་མོ་ཐོག་མར་འཁྲབ་པའི་སྐོར་ཡང་ཟིན་ཐོར་བཀོད་ཡོད་པ་རེད།
གཞིས་རྩེ་གྲོང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཐན་པིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་དགོས་པའི་ནན་བཤད་ཐེངས་མང་གནང་ཡོད། གཞིས་རྩེ་གྲོང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གིས་ཧྲང་ཧྲའེ་ཡི་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཕྱིར་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་སེར་ལ་རང་ཉིད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་གཞིས་རྩེར་ལག་ལེན་བསྟར་བ་དང་ཀྲུང་གོའི་ཕུགས་འདུན་གྱི་གཞིས་རྩེའི་ལེའུ་ཡག་པོ་ངོམས་སྟོན་བྱེད་དུ་བཅུག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་མོ་ཚུད་པའི་རིག་གནས་སྤེལ་རེས་བྱེད་སྒོ་དེ་ཉིད་ཧྲང་ཧའེ་ཡི་བོད་སྐྱོར་རྣམ་གྲངས་ནང་བཅུག་པ་དང་། འདི་ལོ་ད་དུང་ཝུའུ་ཀྲེན་ཟློས་གར་དུས་ཆེན་དང་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།