དབུ་ཤོག>བོད་ཀྱི་རིག་གནས།
  • 《སྒྲ་རིག་མཚམས་སྦྱོར་ལྔ་བའི་རི་མོ་སྒྲུབ་ཚུལ།》འགྲེམ་སྤེལ་བྱས། 

  • ཡོང་ཁུངས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འཕྲིན་སྟེགས།   |     སྤེལ་དུས།  2016-12-21

    W020161215548918278603.jpg

    ཆོས་ཕུང་དབྱངས་སུ་འགུགས་མཁས་སྒྲ་ལྡན་མས།། 

    དངོས་བརྒྱུད་བརྡ་སྤྲོད་ཉི་མའི་སྙིང་བོ་ཡིས།། 

    འགྲོ་བའི་སྨག་ཆེན་དྲུངས་ནས་འབྱིན་དང་ལྷན།། 

    ཕན་བདེ་ཟད་མི་ཤེས་པའི་དཔལ་སྟེར་ཤོག།

    W020161215548918337079.jpg

    དབྱངས་ཅན་སྒྲ་འགྲེལ་ལས་བྱུང་བའི་མཚམས་སྦྱོར་ལྔ་བའི་རི་མོ་སྒྲུབ་ཚུལ་ཉི་མའི་སྙིང་བོ་ཞེས་བྱ་བ།། 

    རྩོམ་པ་པོ། དཔལ་བཟང་རྒྱ་མཚོ། 

    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ནས་བཀྲམ། 

    ༡༠༡༦ལོའི་ཟླ་༡༡པར་པར་གཞི་དང་པོ་བསྒྲིགས། 

    ༢༠༡༦ལོའི་ཟླ་༡༡པར་པར་ཐེངས་དང་པོ་དཔར། 

    དཔར་གྲངས། ༡༡༦༠ དཔེ་རིན། ༡༥

    སྤྱིར་སྒྲ་རིག་པ་ཞེས་པ་འདི་རང་རེ་བོད་ཀྱི་རིག་གནས་ཆེ་བ་དག་གི་ཡ་གྱལ་དུ་གྱུར་བ་ནི་སྨོས་མ་དགོས་ལ། བོད་རང་གི་བརྡ་སྤྲོད་རིག་པའམ་སྒྲ་རིག་པ་དངོས་ནི་སུམ་རྟགས་དག་གསུམ་ཡིན་མོད། སྙན་ངག་དང་སྡེབ་སྦྱོར། ཟློས་གར་དང་མངོན་བརྗོད་སོགས་ཀྱང་སྒྲ་རིག་པའི་ཡན་ལག་ཏུ་གྱུར་པར་གསུངས། དེ་ཡང་དབྱངས་ཅན་སྒྲ་གཞུང་ནི་ཐོག་མར་ལྷ་མཐོང་ལོ་ཙཱ་བས་འདིའི་ཕྱེད་ཙམ་བོད་དུ་བསྒྱུར་ནས་འཆད་སྤེལ་གྱི་བཀའ་དྲིན་བསྐྱངས། དེ་ནས་ཇོ་ནང་རྗེ་བཙུན་ཏཱ་ར་ན་ཐས་རབ་བྱུང་བཅུ་གསུམ་པའི་ནང་ཙམ་དུ་གཞུང་འགྲེལ་ཐོག་མར་བོད་དུ་བསྒྱུར་ཞིང་སྒྲ་འགྲེལ་ཆེན་མོ་བརྩམས་པ་སོགས་མཁས་པ་མང་པོས་སྐུ་ལས་གྲངས་མེད་བསྐྱོན་ནས་སྒྲ་རིག་པ་འདི་ཉིད་གངས་ཅན་བོད་ཀྱི་གཙུག་ལག་རྒྱ་མཚོའི་གླིང་དུ་དྲངས། དཔེ་དེབ་འདི་ནི་སྨན་རམས་པ་དཔལ་བཟང་རྒྱ་མཚོ་དབྱངས་ཅན་འཛུམ་པའི་འོད་ཟེར་གྱིས་མཚམས་སྦྱོར་ལྔ་བའི་སྒྲུབ་ཚུལ་གཙོར་བཟུང་ནས་ཟུར་བཀོད་རེའུ་མིག་དང་སྒྲ་མདོའི་འགྲེལ་བ་བཅས་ཤིན་ཏུ་གོ་བདེ་བའི་སྒོ་ནས་བརྩམས་ཡོད་པས། སྒྲ་རིག་ལ་འཇུག་པའི་སྐྱ་སེར་སློབ་གཉེར་བ་བྱིངས་དང་ལྷག་པར་དུ་ཞིབ་འཇུག་སློབ་མའི་ཡིག་ཚད་ལ་ཞུགས་མཁན་གྱི་སློབ་མ་དག་ལ་སྤྱོད་སྒོ་ཆེའོ། །

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།