བོད་ཀྱིས“གློག་རྡུལ་ཐོབ་ཐང་ལག་ཁྱེར”བཟོས་ནས་གྲངས་འཛིན་རིག་དངོས་སྲུང་སྐྱོབ་བྱེད་སྟངས་སྤྱད་པ།
འདི་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣས་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་ལ་གློག་རྡུལ་ཅན་གྱི་ཡིག་ཚགས་བཟོ་བའི་གནས་ཚུལ་ཡིན་པ།
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་གནའ་རྫས་སྐུ་འདྲ་དང་། ཐང་ག དཀར་ཆས། སི་བཏགས་དངོས་རྫས་ལ་སོགས་པར་ད་ཆ་རང་ཉིད་ལ་དབང་བའི“གློག་རྡུལ་ཐོབ་ཐང་ལག་ཁྱེར”ཡོད་པ་རེད། གསར་འགོད་པས་ཉེ་དུས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཉར་ཚགས་རིག་དངོས་ལ་གྲངས་འཛིན་ཅན་གྱི་ཡིག་ཚགས་བཟོ་བའི་ལས་དོན་བདེ་བླག་ངང་སྤེལ་ཞིང་། མིག་སྔའི་བར་ཁག་དང་པོའི་རྩ་ཆེའི་རིག་དངོས་ཁྲི་ལྷག་ཙམ་གྱི་ཡིག་ཚགས་བདེ་བླག་ངང་བཟོས་པ་དང་རྗེས་མཐུད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། བྱ་སྤྱོད་དེ་ནི་བོད་ཀྱི་སྤོ་རུང་བའི་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་ཐུབ་རྒྱུར་ཕན་པ་ཡོད་པ་ཞིག་རེད་ལ། ཚན་རིག་དང་མཐུན་པའི་རིག་དངོས་སྲུང་སྐྱོབ་མ་ལག་བསྐྲུན་རྒྱུར་ཕན་པ་ཡོད་པ་ཞིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 1999ལོར་གཉེར་འགོ་ཚུགས་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་བོད་ཀྱི་དེང་རབས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་ཡིན་ཞིང་། མིག་སྔར་རིག་དངོས་ཁྲི་52ལྷག་ཙམ་ཉར་ཚགས་བྱས་ཡོད་པ་རེད།