དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • “དེ་སྔའི་རིག་གནས་ཀྱི་བཅིངས་འགྲོལ་མེད་ན། དེང་གི་རིག་གནས་གྲ་རྒྱས་ཇི་ལྟར་ཡོང་སྲིད་དམ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-08

    “ལོ་ངོ་ཆིག་སྟོང་བརྒྱུད་ནས་རྒྱུན་ཆད་མེད་པར་དབང་དུ་འདུས་པའི་མཚོ་བོད་ས་མཐོའི་རང་བྱུང་ཆ་རྐྱེན་འོག་དང་ཆོས་དད་དང་འཚོ་བའི་གོམས་གཤིས་དམིགས་བསལ་ཁྲོད་རང་རྒྱལ་གྱི་མི་རིགས་རིག་གནས་དང་རྒྱུན་ཆད་མེད་པར་སྤེལ་རེས་དང་མཉམ་འདྲེས་བྱུང་བའི་བརྒྱུད་རིམ་ནང་བོད་མི་དམངས་ཚོས་རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས་ལ་བརྟེན་ནས་ཐུན་མིན་གྱི་ཁྱད་ཆོས་དང་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་གསར་གཏོད་དང་འཕེལ་རྒྱས་བཏང་ཡོད། བོད་མི་རིགས་ཀྱི་འཛུགས་སྐྲུན་སྒྱུ་རྩལ་དང་། བརྐོས་མ། རི་མོ། མཛེས་རྒྱན། བཟོ་རྩལ་མཛེས་རིས་སོགས་དང་། རོལ་དབྱངས་དང་། ཟློས་གར། ལྷ་མོ། སྐད་ཡིག རྩོམ་རིག ཡི་གེ བོད་ལུགས་གསོ་རིག་དང་བོད་སྨན། གནམ་རིག་སྐར་རྩིས་སོགས་སྲོལ་རྒྱུན་རིག་གནས་བཅས་ཚང་མ་སྐབས་དེ་དུས་ཆུ་ཚད་མཐོ་པོ་ཞིག་ཏུ་སླེབས་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མར་ཁེ་སི་རིང་ལུགས་ཞིབ་འཇུག་སུའོ་ཡི་མཁས་དབང་ཞུས་ཅན་གྱིས་ཉེ་དུས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བོད་གསར་རྙིང་གི་རིག་གནས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་རང་ཉིད་ཀྱི་གཟིགས་སྟངས་གླེང་གནང་བ་རེད།

    ཞུས་ཅན་གྱིས་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་དུ་བོད་ཀྱི་རིག་གནས་ཀྱིས་བོད་མི་དམངས་ལ་བདེ་སྐྱིད་སྦྱིན་མེད་ལ་སྐབས་དེ་དེའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཡང་སྒུལ་ཤུགས་སྦྱིན་མེད་པ་མ་ཟད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱིས་གཙོ་བོར་བྱེད་པའི་ཆོས་ལུགས་རིག་གནས་ཀྱིས་མི་རྣམས་ཀྱི་བསམ་བློ་དམ་པོར་བཅིངས་པ་དང་འབྲེལ་བསམ་བློའི་ཐོག་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ལས་དབང་ཚོད་འཛིན་བྱས་ཏེ་ཁོང་ཚོ་བཤུ་གཞོག་དང་གཉའ་གནོན་མྱོངས་སུ་འཇུག་གི་ཡོད། ཞིང་བྲན་བདག་པོའི་གྲལ་རིམ་གྱིས་རྩེད་ཆས་སུ་བརྩི་བའི་རིག་གནས་དེ་དང་ཆབས་ཅིག་གོ་མེད་ཚོར་མེད་ཁྲོད་དེར་ཚོད་འཛིན་ཕོག་ནས་བཀག་སྡོམ་དང་། ད་ཡོད་གནས་ཚུལ་ལ་བློ་ཡིད་ཚིམས་ནས་སྡོད་པ། ཡར་རྒྱས་བརྩོན་ལེན་མི་བྱེད་པ་བཅས་ཀྱི་རྙིང་ཞེན་གྱི་སེམས་ཁམས་ཤིག་ཆགས་ཡོད་ཅེས་གསུངས།

    བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་བཅིངས་འགྲོལ་དང་དར་སྤེལ་བཏང་བའི་ཐད་ལེགས་སྐྱེས་ཕུལ་བའི་སྐོར་གླེང་སྐབས་ཞུས་ཅན་གྱིས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་དམངས་རྣམས་ཀྱིས་ཆབ་སྲིད་ཐད་མི་ལུས་གཞན་རྟེན་གྱི་རྣམ་པ་ལས་སྒྲོལ་ནས་རང་ཁྱིམ་རང་བདག་བྱུང་བ་དང་། དཔལ་འབྱོར་ཐད་བཤུ་གཞོག་གཉའ་གནོན་གྱི་ལས་དབང་ལས་ཐར་ཏེ་ས་ཞིང་དང་དེ་མིན་གྱི་ཐོན་སྐྱེད་རྒྱུ་ཆ་དབང་ཡོད། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་དོན་སྙིང་ཆེ་ཤོས་དེ་ནི་བོད་མི་དམངས་ཀྱི་རིག་གནས་ཐད་བཅིངས་འགྲོལ་ཆེན་པོ་བྱུང་བ་དེ་ཡིན་ཞེས་གསུངས།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཆོས་ལུགས་རིག་གནས་ཀྱིས་བོད་ལ་སྒེར་སྡོམ་བྱེད་པའི་གནས་བབ་ལ་འགྱུར་ལྡོག་བྱུང་བ་མ་ཟད། མི་དམངས་རྣམས་རིག་གནས་ཀྱི་གཉའ་གནོན་དང་བསམ་བློའི་འཆིང་རྒྱ་ལས་ཐར་ཏེ་རིག་གནས་ཀྱི་དབང་ཆ་དང་རིག་གནས་གསར་གཏོད་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པའི་རང་དབང་ཐོབ་ཡོད། བརྒྱུད་རིམ་དེའི་ཁྲོད་བཀག་སྡོམ་དང་། རྙིང་ཞེན། རྗེས་ལུས་བཅས་ཀྱི་བསམ་བློའི་འདུ་ཤེས་ལས་རིམ་གྱིས་རྣམ་པར་རྒྱལ་བ་དང་དེང་རབས་ཤེས་དཔལ་དེ་བོད་ཀྱི་སྤྱི་ཚོགས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་རིམ་གྱིས་ཁྱབ་སྟེ་བོད་མི་དམངས་རྣམས་གདེང་ཚོད་དང་། སྤྲོ་སྣང་། ཡར་བརྩོན་བཅས་ཀྱི་ཕྱོགས་སུ་འགྱུར་འགོ་ཚུགས་པ་མ་ཟད། བོད་ཀྱི་སྤྱི་ཚོགས་ཡོངས་སྒོ་དབྱེ་དང་། འཕེལ་རྒྱས། ཤེས་དཔལ། ཡར་ཐོན་བཅས་ཀྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད།

    ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིག་གནས་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་མང་དུ་བཏང་བ་དང་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རིག་གནས་ཀྱི་དམངས་ཕན་འདུ་འགོད་ལག་བསྟར། རིག་གནས་ཀྱི་ཚོགས་པ་སྣ་ཚོགས་འཛུགས་པ། རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་པར་བརྟེན་བོད་མི་དམངས་རྣམས་ཀྱིས་རིག་གནས་ལོངས་སྤྱོད་དང་རིག་གནས་གསར་གཏོད་ཐུབ་པ་བྱུང་ཡོད།

    དམངས་གཙོའི་བཅོས་སྒྱུར་བཏང་རྗེས་བོད་མི་དམངས་ཀྱི་གཙོ་གཟུགས་དང་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱུང་ཞིང་། སྒྱུ་རྩལ་གྱི་བློ་གྲོས་ལྡན་པའི་བོད་ཀྱི་མི་དམངས་རྣམས་ཀྱིས་གླུ་གར་སྒྱུ་རྩལ་གྱི་ཐོག་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་རྣམ་པ་མངོན་འགོ་ཚུགས་ཡོད། བརྒྱུད་རིམ་དེའི་ནང་མང་ཚོགས་ཀྱི་རིག་གནས་འཚོ་བ་རིམ་གྱིས་འཕེལ་རྒྱས་སོང་ཞིང་། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པར་བརྟེན་སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། རིག་གནས་ཀྱི་དམིགས་བསལ་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ། རིག་གནས་ཁྲོམ་ར་སྔར་བས་འཕེལ་རྒྱས་ཕྱིན་པ་བཅས་མི་དམངས་མང་ཚོགས་ཀྱི་བསམ་བློ་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གནང་ཡོད་ཅིང་། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་ཞིག་ཏུ་གཏོད་དགོས་ཞེས་ཁ་གསལ་བསྟན་ཡོད། ལོ་50ལྷག་ཙམ་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཆབས་ཅིག་མ་དངུལ་ཕོན་ཆེན་བཏང་ནས་གཙོ་གནད་རིག་དངོས་ཉམས་གསོ་དང་། བོད་ཡིག་གི་གནའ་གཞུང་མྱུར་སྐྱོབ་ལེགས་སྒྲིག མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྒྱུན་འཛིན་དང་གསར་སྤེལ་བཅས་བྱས་ཡོད། དཔལ་འབྱོར་གྱི་བྱེད་ཐབས་སྤྱད་པ་དང་ཆབས་ཅིག་བཅའ་ཁྲིམས་དང་། སྲིད་འཛིན། སློབ་གསོ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག་རྒྱུན་འཛིན་བྱེད་པ་དང་། དར་སྤེལ་གཏོང་བ། འཕེལ་རྒྱས་ཡོང་བ་བཅས་བྱས་ཡོད།

    མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་བརྒྱུད་བསྒྲགས་བྱས་པར་བརྟེན་མཉམ་སྡེབ་རིང་ལུགས་དང་། རྒྱལ་གཅེས་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་མར་ཁེ་སིའི་རིག་གནས་གསར་པ་འདི་བོད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་རིམ་གྱིས་དང་ལེན་བྱས་པ་དང་རིག་གནས་གསར་པ་འཛུགས་སྐྱོང་གི་མཐོ་རླབས་ཤིག་འཕྱུར་ཡོད་ཅིང་། ཚན་རིག་གི་དགོངས་དོན་དར་སྤེལ་གཏོང་ཐུབ་པ་བྱུང་བ་དང་། དེང་རབས་ཤེས་དཔལ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་ཐུབ་པ་དེས་མི་དམངས་མང་ཚོགས་ཀྱི་འཚོ་བ་གསར་པ་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྔོན་ཐོན་རིག་གནས་དེ་དེང་རབས་ཀྱི་བརྗོད་བྱ་གཙོ་བོར་གྱུར་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།