དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • “སློབ་གསོས་བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་གོམ་བགྲོད་ཀྱི་རྗེས་སུ་དམ་པོར་སྙེགས་ཐུབ་པ་བྱུང་བ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-25

    ཉེ་ཆར་བོད་ལྗོངས་སློབ་ཆེན་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཁྲིད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཙེང་གཡན་གྱིས་འཆར་ཉེར་ཡོད་པའི“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི”སྐོར་ལ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་འཕེལ་རྒྱས་དེ་དག་ཐད་ཀར་དོན་དངོས་ཀྱི་ཐོན་སྐྱེད་ནུས་པར་འགྱུར་བ་བྱས་ཏེ་བོད་འདི་ཉིད་སྲོལ་རྒྱུན་སྤྱི་ཚོགས་ནས་དེང་རབས་སྤྱི་ཚོགས་ལ་སྒྱུར་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བྱུང་ཡོད་ཅེས་གསུངས།

    བོད་རྙིང་པའི་སློབ་གསོའི་བྱ་གཞག་རྗེས་ལུས་ཇི་འདྲ་ཡིན་མིན་སྐོར་གླེང་སྐབས་ཙེང་གཡན་གྱིས་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ལ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད། དུས་མཚམས་ཁག་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་མ་ཟིན་པས་ཡིག་རྨོངས་ཡིན་ཚད་95%ཟིན་གྱི་ཡོད། སློབ་གསོའི་ཐོན་ཁུངས་ཧ་ཅང་དཀོན་པ་དང་སློབ་གསོའི་ཐོབ་མཁན་མི་གྲངས་ཉུང་ཉུང་དེ་ལྟ་བུའི་སྤྱི་ཚོགས་ཁོར་ཡུག་ཁྲོད་སློབ་གསོ་འཕེལ་རྒྱས་རྩ་བ་ནས་གཏོང་ཐབས་བྲལ་ཡོད། སློབ་གསོ་རྗེས་ལུས་ཐེབས་པའི་དབང་གིས་ཐོན་སྐྱེད་ནུས་པ་ཞན་པ་དང་མི་རྣམས་ཀྱི་ལྟ་བ་དང་འདུ་ཤེས་ཀྱང་མཐོ་རུ་འགྲོ་མི་ཐུབ་པས་སྤྱི་ཚོགས་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཆེན་པོ་བཟོ་ཡི་ཡོད། བོད་ཀྱི་དབུལ་ཕོངས་རྗེས་ལུས་ཀྱི་སྣང་ཚུལ་དེ་འགྱུར་ལྡོག་གཏོང་དགོས་ན་ངེས་པར་དུ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་གསུངས།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་དེང་རབས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པའི་སྐོར་གླེང་སྐབས་ཙེང་ཡན་གྱིས་ལོ་ངོ་50ལྷག་ཙམ་རིང་། ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་མི་རྒྱུ་དངོས་གསུམ་གང་ཅིའི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བས་བོད་ཀྱི་སློབ་གསོའི་བྱ་གཞག་དེ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། སྣེ་གཅིག་ནས་ཕྱོགས་མང་། ཆུ་ཚད་དམའ་བ་ནས་མཐོ་བ་བཅས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ཁྲོད་ཀྱི་བཀྲག་མདངས་འཚེར་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་དང་ཁོང་གིས་1985ལོ་ནས་བཟུང་བོད་ཀྱིས་ཞིང་འབྲོག་ཁུལ་དུ་ཞག་སྡོད་ལམ་ལུགས་གཙོ་བོར་བྱས་པའི་སློབ་གྲྭ་འབྲིང་ཆུང་གཉེར་སྟངས་ལག་ལེན་བསྟར་བ་མ་ཟད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གི་ཟ་སྡོད་དང་སློབ་ཡོན་རྩ་ཆག་གཏོང་བའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ཡོད། ལྗོངས་ཡོངས་སུ་མཐོ་རིམ་སློབ་འབྲིང་སློབ་གསོའི་སློབ་གཉེར་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་མཐོ་རིམ་སློབ་གསོ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། དེ་དང་དུས་མཚུངས་སློབ་ཞུགས་གོང་གི་སློབ་གསོ་དང་དམིགས་བསལ་སློབ་གསོར་མཐོང་ཆེན་དང་འཕེལ་རྒྱས་བྱུང་ཡོད། སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། སློབ་མ་རེར་ཆ་སྙོམས་སྒོར་2000གི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། མི་འབོར་ཅུང་གཅིག་སྡུད་ཡིན་པའི་ས་ཁུལ་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་བསྐྲུན་ཟིན་པའམ་ཡང་ན་སྐྲུན་བཞིན་ཡོད་པ་དང་སློབ་མ་ཚང་མར“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད། གཞན་ཡང་། བོད་ཀྱི་དེང་རབས་ལས་རིགས་སློབ་གསོའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་12ཀྱི་རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པའི་གཙོ་གནད་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་42ཀྱིས་2010ལོ་ནས་བཟུང་ནང་སའི་བོད་ལྗོངས་འཛིན་གྲྭའི་འབྲིང་རིམ་ལས་རིགས་ལག་རྩལ་འཛིན་གྲྭ་གཉེར་བ་དེ་རིགས་ཆེ་གྲས་10ཡི་ཆེད་ལས་33ལ་ཁྱབ་ཡོད་པ་དང་ལོར་སློབ་མ་བསྡུ་ཚད་མི་3000ཟིན་གྱི་ཡོད། ཞིང་འབྲོག་ཁུལ་གྱི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་བྱ་རྒྱུ་དེ་རྫོང་རིམ་པའི་ལས་རིགས་སློབ་གསོའི་ལྟེ་གནས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཞིང་འབྲོག་པར་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་ལོར་གསོ་སྦྱོང་བྱས་པའི་ཞིང་འབྲོག་པ་མི་ཐེངས་ཁྲི་3ལྷག་ཙམ་ཟིན་གྱི་ཡོད། བོད་ཀྱི་སློབ་གསོའི་བྱ་གཞག་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་དང་ཤེས་ལྡན་པ་གསོ་སྦྱོང་བྱ་ཆེད། ཀྲུང་དབྱང་གིས་སློབ་གསོའི་བོད་སྐྱོར་གྱི་ཐབས་ཇུས་གལ་ཆེན་བཏོན་ཡོད། 1984ལོར་བོད་ཀྱི་ཤེས་ལྡན་པ་སྣ་ཚོགས་གསོ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་ཆེད་རྒྱལ་ཁབ་ཀྱིས“ནང་སར་བོད་ལྗོངས་སློབ་གྲྭ་དང་བོད་ལྗོངས་འཛིན་གྲྭ་གཉེར་རྒྱུའི”ཐབས་ཇུས་བཏོན་ཡོད། ལོ་ངོ་30ལྷག་ཙམ་རིང་རྒྱལ་ཡོངས་སུ་སྔ་རྗེས་སུ་ཞིང་ཆེན་དང་གྲོང་ཁྱེར་21གི་སློབ་གྲྭ་31གིས་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)གཉེར་བའི་ནང་། ནང་སའི་གཙོ་གནད་མཐོ་རིམ་སློབ་འབྲིང་58དང་མཐོ་རིམ་སློབ་གྲྭ་90ལྷག་ཙམ་གྱིས་བོད་ཀྱི་སློབ་མ་བསྡུས་ཡོད། མིག་སྔར་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་མི་གྲངས་བསྡོམས་འབོར་མི་21800ཟིན་ཡོད་ཅེས་གསུངས།

    ཙེང་གཡན་གྱིས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཕྱིན་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སློབ་གསོ་དང་ལེན་བྱེད་པའི་གཞི་རྩའི་དབང་ཆ་འགན་ལེན་ནུས་ལྡན་ཐུབ་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། བོད་འཕེལ་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་རྒྱུ་སོགས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བའི་ངོས་འཛིན་གནང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།