མི་མེད་གནམ་གྲུའི་རྩལ་ནུས་བསླབས་ནས་འབབ་འཕར་ཡོང་བར་བྱས་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་དུས་ཐེངས་གཉིས་པའི་མི་མེད་གནམ་གྲུའི་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། ད་རེས་ཀྱི་གསོ་སྦྱོང་ནང་མི་མེད་གནམ་གྲུའི་བདེ་འཇགས་འཕུར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། རྒྱུན་གཏན་གྱི་བདག་སྐྱོང་ཉམས་གསོ་བྱེད་པ། འཕུར་སྐྱོད་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པ་སོགས་ཉེར་སྤྱོད་ནང་དོན་གཙོ་གནད་ཐོག་སློབ་ཁྲིད་བྱས་ནས་མང་ཚོགས་ལ“རྩལ་ནུས་ལ་བརྟེན་ནས་གླ་པ་རྒྱུག་པ་དང་འབབ་འཕར”ཡོང་བར་སྐུལ་འདེད་བཏང་ཡོད།འདི་ནི་དགེ་རྒན་གྱིས་སློབ་མ་ཚོར་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་སྐབས་དོ་སྣང་བྱེད་དགོས་པར་འགྲེལ་བཤད་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།