དབུ་ཤོག>པར་མཛོད།
  • རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིས་འབྱོར་ཐོ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-27

    ཟླ་11ཚེས་26ཉིན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མིས་འབྱོར་ཐོ་འགོད་བཞིན་པ།

    ཟླ་11ཚེས་26ཉིན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མིས་འབྱོར་ཐོ་འགོད་བཞིན་པ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་26ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་བློ་ལ་བཅངས་ཏེ། ཟླ་11ཚེས་26ཉིན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མི་ཚོས་སྙིང་སྟོབས་རབ་ཏུ་འཕེལ་ཞིང་གདེང་ཚོད་ཀྱིས་ཁེངས་བཞིན་དུ་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད། སླད་ཕྱིན་གྱི་ཉིན་ཤས་རིང་། འཐུས་མི་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་སེམས་དང་འགན་སྒྲུབ་ཀྱི་སྤྲོ་སེམས་ཆེན་པོས་ཚོགས་འདུར་ནན་ཏན་ངང་ཞུགས་པ་དང་གྲོས་འཆར་ཧུར་ཐག་བཏོན་ཏེ། ཚོགས་ཆེན་གྱི་ལས་འགན་དང་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

    ལྷ་ས་གསོལ་མགྲོན་ཁང་ཚོམས་ཆེན་གྱི་འབྱོར་ཐོ་འགོད་ཡུལ་དུ་འཁྲུག་ཆ་དོད་ལ་སྤྲོ་སྣང་གིས་ཁེངས་ཤིང་། འབྱོར་ཐོ་འགོད་ཡུལ་གྱི་མཚོན་རྟགས་གསལ་ལ་འབྱོར་ཐོ་འགོད་པའི་གོ་རིམ་སྟབས་བདེ་བ་དང་། ལས་དོན་མི་སྣས་ལས་བགོས་རོགས་སྒྲུབ་དང་ཞབས་ཞུ་ཞིབ་ཚགས་སྒྲུབ་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་ལ། འཐུས་མི་ཚོས་གོ་རིམ་ལྡན་པའི་ངང་ཆ་འཕྲིན་ཐོ་འགོད་དང་། ཚོགས་ཞུགས་ལག་ཁྱེར་དང་། ཚོགས་འདུའི་ཡིག་ཆ། འབྲེལ་ཡོད་དཔྱད་ཡིག་བཅས་ལེན་བཞིན་མཆིས། དཔྱད་ཡིག་བླངས་རྗེས་འཐུས་མི་མི་ཉུང་བ་ཞིག་གིས་དེ་གར་སྐད་ཤུགས་ཆུང་ངུས་སྤེལ་རེས་གནང་སྟེ་ཚོགས་ཆེན་གྱི་འབྲེལ་ཡོད་བཀོད་སྒྲིག་ལ་སྔོན་ཚུད་ནས་རྒྱུས་ལོན་བྱེད་བཞིན་པ་མཐོང་བྱུང་།

    མངའ་རིས་ས་ཁུལ་ཚོད་ལྟའི་བུ་བཅོལ་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཡོན་ཀྲང་བསོད་ནམས་ལྷ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“མངའ་རིས་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཁྱེར་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་རྒྱུ་བྱུང་བས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་གྱི་ཉིན་ཤས་རིང་ངས་ཚོགས་འདུ་ནན་ཏན་ཉན་པ་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་མ་ཟད། ཚོགས་འདུ་གྲོལ་རྗེས་ཚོགས་འདུའི་དགོངས་དོན་གཞི་རིམ་དང་བྱིས་པའི་སློབ་གསོའི་ལས་གནས་ཐོག་དོན་འཁྱོལ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རང་འགན་གཙང་སྒྲུབ་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།

    “ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་གཟི་བརྗིད་ཆེན་པོ་དང་འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཡང་ཟབ་མོ་བྱུང་། གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་ངས་གཞི་རིམ་གྱི་ལས་གནས་སུ་གཞི་ཚུགས་པ་དང་། ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ཁ་ཕྱོགས་ལ་དམ་པོར་དམིགས་ནས། མང་ཚོགས་ཀྱི་ཁྱིམ་དུ་མང་ཙམ་བསྐྱོད་དེ་ཁོང་ཚོའི་རེ་ཞུ་ཉན་པ་དང་། སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཚོགས་འདུའི་བཀོད་སྒྲིག་ཁག་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་སུ་བསྒྱུར་ཐུབ་པ་བྱས་ནས་ཚང་མའི་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མིན”ཞེས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གླིང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་དབྱིངས་ལྷ་མོས་གསུངས།

    གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་འཕྲང་སྒོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཀྱིས་གསར་འགོད་པར“མཐའ་མཚམས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་གི་འཐུས་མི་ཞིག་ཡིན་པའི་ངོས་ནས། ང་རང་ལ་གཟི་བརྗིད་ཆེན་པོ་ཚོར་གྱི་འདུག་ལ་འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཡང་ཟབ་མོ་བྱུང་། ལོ་ལྔའི་རིང་མཐའ་མཚམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པས། ཚང་མའི་མཐའ་སྲུང་མཐའ་བརྟན་གྱི་སྤྲོ་སྣང་ཆེན་པོ་འཕེལ་ཡོད། ད་ཐེངས་ཀྱི་ཚོགས་འདུར་ངས་མཐའ་མཚམས་མང་ཚོགས་ཀྱི་རེ་འདོད་ཞུ་རྩིས་ཡོད་པས། དམངས་ཕན་སྲིད་ཇུས་དེ་བས་མང་བ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕྱོགས་ཐུབ་པའི་རེ་བ་ཡོད། ཚོགས་འདུ་གྲོལ་རྗེས་ངས་ཚོགས་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་མཚམས་སུ་གཞི་ཚུགས་པ་དང་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་བསྲུངས་ཏེ། བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཀྱི་ཡིན”ཞེས་གསུངས།

    ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་གྱི་འཐུས་མི་རྣམས་ནི་ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པ་ཤ་སྟག་ཡིན་ཞིང་། དེའི་ནང་ཆེད་ལས་ལག་རྩལ་མི་སྣ་དང་གཞི་རིམ་ལས་བྱེད་པ་སོགས་ཚུད་པས། འཐུས་ཚབ་རང་བཞིན་ཆེན་པོ་ལྡན་པ་གསར་འགོད་པས་ཤེས་རྟོགས་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།