དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྡེ་ཁུལ་དུ་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-23

    ཟླ་11ཚེས་18ཉིན། 2026ལོའི་དམངས་ཡོངས་ལུས་སྦྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ཁྲོམ་གཞུང་སྡེ་ཁུལ་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླང་རུ་སྡེ་ཁུལ་དུ་བྱས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ལ་བོད་ཡིག་གི་ཡིག་གཟུགས་དང་། ལྷ་མོའི་རིག་གནས། ཤོ་རྩེད། གཏམ་དཔེ། མིག་མངས་རྒྱལ་པོ་རྒྱན་རྩེད་བཅས་རྣམ་གྲངས་ལྔ་བཀོད་སྒྲིག་བྱས་ཡོད། དམངས་སྲོལ་གྱི་སྲོལ་རྒྱུན་ལ་གཞི་ཚུགས་ནས་ལུས་སྦྱོང་དང་རིག་གནས་ཟུང་དུ་འབྲེལ་བའི་རྣམ་པ་བཏོད་དེ། སྤྲོ་འཕེལ་དང་། སྤེལ་རེས། བདེ་འཇགས་བཅས་མཉམ་འདྲེས་ཡོང་བར་བྱས་ནས་མང་ཚོགས་ཁྱིམ་གྱི་སྒོ་འགྲམ་དུ་འགྲན་བསྡུར་བྱས་ཤིང་། འདི་ནི་གྲོང་མིས་མིག་མངས་རྒྱལ་པོ་རྒྱན་རྩེད་རྩེ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།