སྨན་བཅོས་རྩལ་ནུས་འགྲན། གསོ་རིག་རྒྱུན་འཛིན་བྱེད།

ཟླ་11ཚེས་17ཉིན། 2026ལོའི་རྒྱལ་ཡོངས་བོད་ལུགས་གསོ་རིག(ཚན་ཁག་ཚང་མ)གི་ནད་སྡོད་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གསོ་སྦྱོང་གི་ནད་ཐོག་རྩལ་ནུས་འགྲན་བསྡུར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་འགོ་ཚུགས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དུས་ཡུན་ཉིན་ལྔ་ཡིན་ཞིང་། དེའི་ནང་དྲན་པ་གསོ་ཐབས་དང་། བོད་སྨན་སྨན་རྩྭ་ངོས་འཛིན། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས། བོད་ལུགས་གསོ་རིག་གི་མེ་བཙའ་བཅས་ཁག་བཞི་བཀོད་སྒྲིག་བྱས་པ་དང་། དེའི་དམིགས་ཡུལ་ནི་གསོ་སྦྱོང་བྱེད་བཞིན་པའི་སྨན་པ་དཀའ་བཅུ་པའི་ནད་ཐོག་རྩལ་ནུས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཏེ་བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་རེད།འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།