དམག་དམངས་མཉམ་སྐྲུན་ལས་མཐའ་མཚམས་ལ་དྲོ་སྐྱིད་ཀྱིས་ཁེངས།

འདི་ནི་དཔུང་སྡེའི་སྨན་བཅོས་རུ་ཁག་གི་སྨན་པས་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་གྱེན་གུག་གྲོང་ཚོར་བསྐྱོད་དེ།“བོད་སྐྱོང་མཛད་ཇུས་ལག་ལེན་བསྟར། གངས་ལྗོངས་མཐའ་མཚམས་དྲོ་སྐྱིད་ལྡན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
དཔུང་སྡེའི་སྨན་བཅོས་རུ་ཁག་གི་སྨན་པས་མང་ཚོགས་རེ་རེ་བཞིན་ལ་གཟུགས་པོ་བརྟག་དཔྱད་བྱས་རྗེས། ས་མཐོའི་རྒྱུན་མཐོང་ནད་རིགས་ཐད་ཀྱི་མང་ཚོགས་ཚོའི་དོགས་གཞིར་ངང་རྒྱུད་རིང་པོས་ལན་བཏབ་ནས། རྒྱུན་སྤྱོད་སྨན་སྤྲད་པ་དང་ཆབས་ཅིག སྨན་བཅོས་ཡན་ལག་རུ་ཆུང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ། འགྲོ་སྐྱོད་སྟབས་བདེ་མེད་མཁན་ལ་འོས་འགན་སྨན་བཅོས་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།