བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་དང་བླངས་པའི་ཉམས་བཟང་མངོན་པ།

འདི་ནི་བྱེད་སྒོ་སྤེལ་རིང་། ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཀྱི་དང་བླངས་པ་ཚོས་ཁོངས་གཏོགས་ཁུལ་གྱི་འཁྱགས་མཚོར་སྐོར་གཡེང་བྱེད་ཞོར་གད་སྙིགས་སྒྲུག་བཞིན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུད་སྣ་ཤང་གིས་ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཀྱི་དང་བླངས་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་གངས་རི་དང་འཁྱགས་མཚོར་བསྐྱོད་དེ་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱེད་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཏང་ཡོན་ཚོས་རང་དཔེ་གཞན་སྟོན་གྱིས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་མཉམ་དུ་མཚོ་འགྲམ་གྱི་གད་སྙིགས་གཙང་སེལ་བྱས་པ་དང་། ངལ་རྩོལ་གྱི་རིན་ཐང་ཤེས་རྟོགས་བྱས་ཏེ་ལག་ལེན་ཁྲོད་དུ་བསམ་བློར་ཞུན་བརྡར་དང་གོ་རྟོགས་ཟབ་ཏུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།