གཅེས་སེམས་བཅངས་ནས་དམངསལ་ཕན་བདེ་བསྐྲུན།

འདི་ནི་དང་བླངས་པས་རྒན་མོའི་ཁ་སྦུག་ལ་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷོ་ངོས་གྲོང་ཚོའི་ཏང་ཀྲི་པུས“ལྷོ་ངོས་ཀྱི་ཏང་ཡོན་དང་བླངས་པས་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ། “རྒན་གཅིག་གཞོན་གཅིག”གི་གཅེས་སེམས་དམངས་ཕན་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་འོས་འགན་སྨན་བཅོས་དང་། དམངས་ཕན་ཞབས་ཞུ། སྨན་བཅོས་འགན་བཅོལ་གྱི་ཚབ་གཉེར་ཁུལ་སོགས་ཀྱི་ཆེད་སྒྲུབ་ཁུལ་བཙུགས་ནས། མང་ཚོགས་ལ་བརྩེ་བ་ཟབ་མོས་ཁ་སྦུག་དང་མིག་ནད་བརྟག་དཔྱད་དང་། འོས་འགན་སྐྲ་བཞར། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།