པར་རིས་གསར་འགྱུར།

འདི་ནི་སྨན་དོན་མི་སྣས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་བདེ་ཐང་འོས་འགན་སྨན་བཅོས་དང་དྲིལ་བསྒྲགས་སློབ་གསོ་བཏང་ནས་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡིན་པ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་དོན་དངོས་ལ་གཞི་ཚུགས་ནས་ཁྱིམ་སྡོད་དང་། སྡེ་ཁུལ། སྒྲིག་གཞི་བཅས་མཐུན་སྦྱོར་གྱི་རིམ་པ་མང་བའི་རྒན་གསོ་ཞབས་ཞུའི་མ་ལག་བཙུགས་ཐོག་རྒན་གསོ་ཞབས་ཞུའི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་དང་སྤྲོད་མཁོ་འཚམ་མཐུན་ལ་སྐུལ་འདེད་བཏང་ནས། རྒན་རྒོན་ཚོའི་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།