བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་སྲོལ་རྒྱུན་གྱི་འཐག་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

འདི་ནི་དོན་གྲུབ་སྡིངས་གྲོང་ཚོའི་ཡུལ་མིས་རང་ཉིད་ཀྱིས་བཏགས་པའི་པང་གདན་སྟོན་བཞིན་པ།

འདི་ནི་དོན་གྲུབ་སྡིངས་གྲོང་ཚོའི་ཡུལ་མིས་ཐགས་འཐག་བཞིན་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་དོན་གྲུབ་སྡིངས་གྲོང་ཚོས“ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ། མཉམ་ལས་ཁང་འཛུགས་པ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁྱད་ལྡན་འཁེལ་འཐག་ཐོན་ལས་འཕེལ་རྒྱས་བཏང་ཡོད། དྲ་ཐོག་དང་དྲ་ཕྱིའི་ཚོང་ལམ་བརྒྱུད། དེའི་ནང་ཞུགས་མཁན་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4བྱུང་ཞིང་། མང་ཚོགས་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་སྟེ་འབབ་འཕར་བརྟན་པོ་བྱུང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།