དབུ་ཤོག>པར་མཛོད།
  • ཐེ་ཀྲོའུ་དང་ཆུ་ཤུར་ལག་གདང་སྦྲེལ་ནས་ས་མཐོའི་སྨན་བཅོས་ལས་དོན་ལ་རོགས་སྐྱོར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    2007ལོ་ནས་བཟུང་། ཅང་སུའུ་ཐེ་ཀྲོའུ་ཡིས་ཁག་ཐེངས་18ཀྱི་སྨན་པ་75སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རོགས་སྐྱོར་བྱེད་པར་བཏང་བ་རེད། བོད་སྐྱོར་སྨན་པ་ཁག་དང་ཁག་གིས་ས་མཐོར་གཞི་ཚུགས་ནས་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་ཆེད་ལས་ལག་རྩལ་གྱི་ལེགས་ཆ་གང་ལེགས་བཏོན་ནས་་བློ་རྩེ་གཅིག་སྒྲིམ་གྱིས་ནད་བརྟག་སྨན་བཅོས་དང་མང་ཚོགས་ཀྱི་བདེ་ཐང་ཡག་པོ་བསྲུང་དང་སྲུང་མུས་ཡིན། ཁོང་ཚོས་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་ཧུར་ཐག་བཏོན་ནས་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་དང་ལག་རྩལ་བརྒྱུད་ཁྲིད་བྱས་ཏེ། ཡུལ་དེར་གནས་ཐུབ་པའི་སྨན་བཅོས་རྐང་འཛིན་པ་སྐྱེད་སྲིང་བྱས་ནས་ས་མཐོའི་བདེ་ཐང་འགན་སྲུང་གི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་བ་རེད། འདི་ནི་བོད་སྐྱོར་སྨན་པ་དཀའ་བཅུ་པ་ལིའུ་ཧྥེང(གཡས་ཀྱི་དང་པོ)གིས་ཡུལ་དེའི་སྨན་དོན་པའི་སྣེ་ཁྲིད་དེ་ནད་ཁང་དུ་ནད་པའི་སྨན་བཅོས་བྱེད་སྟངས་ལ་སྤེལ་རེས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།