ལྗོངས་རྣམ་ཅན་གྱི་སློབ་གསོའི་ལས་ཞུགས་ཞབས་ཞུ་ལས་དབང་པོ་སྐྱོན་ཅན་ལ་དྲོ་སྐྱིད་སྦྱིན་པ།

ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཝང་ཁྲེང་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གསོ་བཅོལ་སྒྲིག་གཞིར་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་སློབ་གསོ་དང་ལས་ཞུགས་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་པ་རེད། སྡེ་ཁུལ་གྱི་འཚོ་བ་སྒྲིག་གཞིར་སྤོས་ནས་འདྲ་བཟོའི་སྒོ་རྩིས་ཚོང་ཁང་དང་། ཉལ་ཁང་། འགྲིམ་འགྲུལ་སྒྲིག་སྲོལ་སྦྱོང་བརྡར། ཞིང་ལས་འདེབས་འཛུགས། རིག་གནས་བསམ་བཀོད་འགྲེམས་ཚོང་སོགས་ཀྱི་ལྗོངས་རྣམ་བཏོད་པ་མ་ཟད། ལག་ཤེས་བཟོ་རྩལ་དང་རྩལ་ནུས་དངོས་སྦྱོང་སོགས་ཀྱི་སློབ་ཚན་ཡང་ཁྲིད་ཅིང་། འཚོ་བའི་རྩལ་ནུས་སྦྱོང་བརྡར་དང་རམ་འདེགས་ལས་ཞུགས་གསོ་སྦྱོང་གཞི་གཅིག་ཏུ་བསྡུས་ཏེ་དབང་པོ་སྐྱོན་ཅན་གྱི་རང་མགོ་ཐོན་ནུས་ཆེ་རུ་བཏང་ཡོད། འདི་ནི་ཝང་ཁྲེང་ཆུས་ཤིང་ཡུས་དབང་པོ་སྐྱོན་ཅན་གསོ་བཅོལ་ལྟེ་གནས་ཀྱི་ལག་ཤེས་རམ་འདེགས་ལས་ཞུགས་འགྲེམས་ཁུལ་དུ་ལས་དོན་པས་སློབ་གཉེར་བར་ལག་ཤེས་རིག་གནས་བསམ་བཀོད་ཐོན་རྫས་བཟོ་བར་མཛུབ་ཁྲིད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།