ལྗང་གློག་ལས་ས་མཐོར་ཕན་པ་ཐོབ་པ།

ཉེ་ཆར། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཁྲེང་ཏུའུ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིས་སྣེ་ཁྲིད་དེ་ཇུས་འགོད་དང་ཨར་སྐྲུན་འགན་གཙང་བླངས་པ་དང་། ཆུ་གློག་ཅུས་དགུ་པས་མཉམ་དུ་སྐྲུན་འགན་འཁུར་བའི་ཧྭ་གློག་མཚོ་སྨད་གྲི་གུའི་དུས་ཐེངས་དང་པོའི་ཀྲའོ་ཝ་80ཡི་རླུང་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་ཚང་མ་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུཌ་པ་རེད། རྣམ་གྲངས་དེ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་5150ཟིན་ཞིང་། དེ་ནི་རང་སྐྱོང་ལྗོངས་ཀྱི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་ནུས་རྒྱུ་གསར་པའི་གཙོ་གནད་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་འཁོར་རྒྱུག་བྱས་རྗེས་ལོ་ལྟར་ནུས་རྒྱུ་གཙང་མའི་གློག་ནུས་ཏུའུ་དུང་ཕྱུར་1.81མཁོ་འདོན་བྱས་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་5.59གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་15.34ཉུང་དུ་འགྲོ་ཐུབ། འདི་ནི་རླུང་གློག་རྣམ་གྲངས་ཀྱི་ཟུར་ཞིག་ཡིན་པ།
འབྲེལ་ཡོད་གསར་འགྱུར།